མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ད་ལོར་བདེ་ཆེན་ཁུལ་གྱིས་ཞིང་ཆེན་རིམ་པའི་གནད་ཆེ་བའི་གྲོང་སྡེ30འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-23 10:45

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཁུལ་ཨུའི་གྲོང་གསེབ་ལས་ཀའི་གཞུང་ལས་ཁང་ནས་ཤེས་གསལ་བྱུང་དོན། ད་ལོར། ཡུན་ནན་ཞིང་ཆེན་ཏང་ཨུའི་གྲོང་གསེབ་ལས་ཀའི་གཞུང་ལས་ཁང་གིས་བདེ་ཆེན་ཁུལ་གྱི་ཞིང་ཆེན་རིམ་པའི་གནད་ཆེ་བའི་གྲོང་སྡེ30འཛུགས་སྐྲུན་བྱེད་དགོས་པའི་ལས་འགན་སྤྲད་དེ།འཛུགས་སྐྲུན་ས་ཚིགས་རེ་རེ་ལ་རིམ་པ་ཁག་གི་ནོར་སྲིད་ཀྱིས་ལྷུ་ལྷག་ཆ་ཚང་སྒྲིག་པའི་མ་དངུལ་སྒོར་ཁྲི50བཀོད་སྒྲིག་བྱས་པ། དེའི་ནང་། ཞིང་ཆེན་རིམ་པས་མ་དངུལ་སྒོར་ཁྲི30ཁ་གསབ་བྱས་པ་དང་། ཁུལ་རིམ་པས་མ་དངུལ་སྒོར་ཁྲི10ཁ་གསབ་བྱས་པ། རྫོང་རིམ་པས་མ་དངུལ་སྒོར་ཁྲི10ཁ་གསབ་བྱས། མིག་སྔར། རིམ་པ་ཁག་གིས་ཁ་གསབ་རོགས་དངུལ་ཚང་མ་འོག་རིམ་ལ་སྤྲད་ཚར་ཞིང་།རྣམ་གྲངས་དེའི་འཛུགས་སྐྲུན་ནུས་ཤུགས་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

ཤེས་གསལ་བྱུང་དོན། བདེ་ཆེན་ཁུལ་གྱི་ཞིང་ཆེན་རིམ་པའི་གནད་ཆེའི་གྲོང་སྡེ་འཛུགས་བསྐྲུན་དེ་ཁུལ་ཨུ་ཞིང་སྡེ་ལས་ཀའི་གྲོས་ཚོགས་ཀྱིས་བཏོན་པའི་རྨང་གཞི་ལ་ཤུགས་སྣོན་པ་དང་།ཐོན་ལས་གསོ་སྐྱོང་བྱེད་པ།དམངས་འཚོར་མཐོང་ཆེན་བྱེད་པ། བརྟན་བརླིང་སྲུང་བ་བཅས་ཀྱི་བསམ་ཕྱོགས་ལ་དམིགས་ནས། མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་དམིགས་ཡུལ་དུ་གྱུར་བ་དང་།ཐོན་ལས་འཛུགས་སྐྲུན་བྱེད་པ། གྲོང་སྡེ་དང་ཞིང་དུད་དུ་ཞུགས་པའི་འགྲོ་ལམ་དང་། གསང་སྤྱོད་ཁང་།གད་སྙིགས་དབྱེ་སེལ་བྱེད་ས། ཆུ་འབུད་ཆུ་རྐ གྲོང་སྡེ་ནང་གི་ལྗང་འགྱུར་སོགས་རི་ཐང་ཁོར་ཡུག་གི་གཙང་སྦྲ་ལེགས་བཅོས་བྱེད་པ། རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་བྱེད་པ་བཅས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་གྱུར་ཏེ། རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་།ནན་ཏན་གྱིས་འཛུགས་སྐྲུན་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་རེད།

གཞན་ཡང་ཤེས་གསལ་བྱུང་དོན། ན་ནིང་ལོར་བདེ་ཆེན་ཁུལ་གྱིས་འཛུགས་སྐྲུན་བྱེད་ས་ཁག30རུ་རྣམ་གྲངས་མ་དངུལ་སྒོར་ཁྲི11256.79བཏང་བ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག