
བདེ་ཆེན་ཁུལ་གྱི་ཡིག་གཟུགས་རི་མོ་དང་པར་རིས་བརྩམས་ཆོས་དག་གིས་ལྟད་མོ་བས་ཡིད་དབང་བཀུག་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས19ཉིན། སྐབས་བདུན་པའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་ཡུན་ནན་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་ཞིང་ལྗོངས་ལྔ་དང་འབྲེལ་བའི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དུ་སྤེལ་ཞིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཡིག་གཟུགས་རི་མོ་དང་འདྲ་པར་བརྩམས་ཆོས86དང་། ཐང་ག6སྒྱུ་རྩལ་དུས་ཆེན་འདིའི་སྟེང་འགྲེམ་སྟོན་བྱས། བརྩམས་ཆོས་འདི་དག་ལས་བདེ་ཆེན་ཁུལ་གྱི་རྩོམ་པ་པས་གསར་རྩོམ་གྱི་ཆུ་ཚད་མཚོན་ཡོད་པ་མ་ཟད། གསོན་ཉམས་ལྡན་པའི་ངང་ནས་བདེ་ཆེན་ཁུལ་གྱི་དམངས་སྲོལ་འགྲེམ་སྟོན་བྱས་པ་རེད།
བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ་ཧོའུ་ཀུའེ་ཧྭ་ཡིས་མཚམས་སྦྱོར་བཤད་རྒྱུར། རིག་གནས་སྒྱུ་རྩལ་གཙོ་སྒྲུབ་ལས་ཁུངས་ཀྱིས་བླང་བྱ་ལྟར་ཡིག་གཟུགས་རི་མོ་དང་པར་རིས་བརྩམས་ཆོས80འགྲེམ་གཏོང་བྱས་པ་དང་། འདྲ་པར་བརྩམས་ཆོས་ཀྱི་བརྗོད་དོན་ནི་སེམས་ཀྱི་ཉི་ཟླ་རྫོང་གི་དུས་ཚིགས་བཞིའི་མཉམ་འགྱུར་ཡིན་ལ། པར་རིས་བརྩམས་ཆོས་སོ་སོ་སྣུམ་ཚོམ་པར་རིས་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ། བརྐོས་རིས། བཟང་ཚོན་རི་མོ་དང་ཆུ་ཚོན་རི་མོ་སོགས་རྣམ་པ་དྲུག་ལས་གྲུབ་ཡོད།
བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། བདེ་ཆེན་ཁུལ་ཏང་ཨུའི་དྲུང་ཡིག་ཆེན་མོ་ལིའུ་ཅ་ཞོན་དང་བོད་ལྗོངས་ཆབ་མདོ་ས་ཁུལ། མཚོ་སྔོན་ཡུས་ཧྲུའུ་ཁུལ། སི་ཁྲོན་དཀར་མཛེས་ཁུལ་སོགས་ཀྱི་འགོ་ཁྲིད་དང་། འཐུས་ཚབ་ཚོགས་པའི་ཁོངས་མི་སོགས་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་འགོ་བརྩམས་པའི་མཛད་སྒོ་ཞུགས་པ་མ་ཟད་དར་ཚོན་བཅད། །