མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིནཔ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-23 10:44

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དེ་ལས་འགན་ཆེན་པོར་དམིགས་ནས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས་དམངས་སྤྱོད་ཁང་པ་དང་།ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས།འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་དམངས་འཚོའི་ལས་དོན་གྱི་བསྐྱར་སྐྲུན་དེ་ལས་འགན་གཙོ་བོ་ནང་གི་གཙོ་བོར་བཟུང་སྟེ།སླར་གསོ་བསྐྱར་སྐྲུན་སྒྲུབ་ཚད་ཇེ་མགྱོ གས་སུ་བཏང་བ་དང་སླར་གསོ་བསྐྱར་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

གང་མགྱོགས་ཀྱིས་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་ཆེད། འཇོལ་རྫོང་གིས་ས་འགུལ་བྱུང་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་འགོ་ཁྲིད་ལས་བྱེད་ཚོ་ཆུང་དང་བཀོད་འདོམས་པུའུ་བཙུགས་པ། ཁྲུའུ་རིམ་པའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་བྱེད་པའི་ལས་བྱེད་ཚོ་ཆུང་15འཐེན་ནས། ཤང་དང་གྲོང་རྡལ་སོ་སོར་མངག་གཏོང་བྱས་ཏེ་སླར་གསོ་བསྐྱར་སྐྲུན་བྱས་པ།ད་དུང་དུས་ཐོག་ཏུ་སླར་གསོ་བསྐྱར་སྐྲུན་ལས་ཀ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་འཚོགས་ནས།དམངས་སྤྱོད་ཁང་པའི་གནོད་ཐེབས་གནས་ཚུལ་གསལ་འབྱེད་བྱེད་པ་དང་།ཆུ་བེད་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པ།ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ལེབ་བཤེར་དང་ལེགས་བཅོས་བྱེད་པ་སོགས་ཀྱི་ལས་ཀར་དངོས་སུ་བཀོད་སྒྲིག་བྱས་པ་རེད།

མིག་སྔར།རྫོང་ཡོངས་ཀྱིས་སྡེབ་རྩིས་བྱས་པ་ལྟར་ན། ཞིང་ཁའི་ཆུ་རྐ་སྟོང་སྨི48.84བསྐྱར་བཟོ་བྱས་ཚར་བ་དང་།མི་ཕྱུགས་བཏུང་ཆུའི་ལྕགས་མདོང་སྟོང་སྨི57.02བསྐྱར་བཟོ་བྱས་པ།གྲོང་སྡེའི་གཞུང་ལམ་སྟོང་སྨི287.5བསྐྱར་བཟོ་བྱས་པ།གནོད་ཐེབས་ཞིང་ཁ་མུའུ82སླར་གསོ་བྱས་པ།གློག་ཤུགས་ཀྱི་སྒྲིག་ཆས་སྟོང་སྨི16.6བསྐྱར་བཟོ་བྱས་པ།སློབ་ཆུང་གཉིས་པའི(ཀོང་རྩེད་ར་གྲོང་རྡལ་གྱི་སློབ་ཆུང་)ཉེན་ཁ་སེལ་བ་དང་སླར་གསོའི་ལས་ཀ་གཞི་རྩའི་ཐོག་སྒྲུབ་ཚར་ཞིང་།ཟླ9པའི་ཚེས28ཉིན་དུ་སློབ་ཁྲིད་སླར་གསོ་བྱས་ཡོད།ཀོང་རྩེད་ར་གྲོང་རྡལ་སྨན་ཁང་གི་གཞུང་ལས་དང་བྱེད་སྒོ་སྤེལ་ས་སླར་གསོ་བྱས་པ།སྤུང་རྩེད་ར་གྲོང་རྡལ་སྲིད་གཞུང་གི་གཞུང་ལས་ཐོག་ཁང་གི་ཉེན་ཁ་སེལ་བ་དང་སླར་གསོ་ལས་གྲྭ་ཟླ་འདིའི་ནང་སྒྲུབ་ཚར་རྒྱུ། དུད་ཚང་28ལ་ཉེན་ཁ་ཡོད་པའི་ཁང་པ་བཤིག་པ་དང་བསྐྱར་སྐྲུན་བྱས་ཚར་བ།དུད་ཚང་180ཡི་གནོད་ཐེབས་ཁང་པ་ལ་བསྐྱར་སྐྲུན་བྱས་པ།དུས་མཚུངས་སུ།བཀོད་འདོམས་པུའུ་ཡིས་གནོད་ཐེབས་མང་ཚོགས་ལ་ས་གནས་དེ་གའི་ཡིད་རྟོན་མཉམ་ལས་ཁང་དང་སྒོར་དུང་ཕྱུར1.1ཟིན་པའི་དམངས་སྤྱོད་ཁང་པའི་སླར་གསོ་བསྐྱར་སྐྲུན་དངུལ་བུན་མཐུན་སྦྱོར་བྱས་ནས་རོགས་རམ་བྱས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག