མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར26.2ཧྲག་བསྡུ་བྱས་ཏེ་བདེ་ཆེན་ཁུལ་གྱི་གནོད་ཐེབས་ས་ཁུལ་བསྐྱར་སྐྲུན་བྱེད་པར་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-23 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་བོད་རིགས་རང་སྐྱོང་ཁུལ“8.28”དང“8.31”ས་འགུལ་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་སྤྱི་ཟླ10བའི་ཚེས18ཉིན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་ནས་བཟུང་།  མ་འོངས་པའི་ལོ་ངོ་གསུམ་རིང་ཡུན་ནན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར26.2ཧྲག་བསྡུ་བྱས་ཏེ་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་ཐད་བཀོལ་རྒྱུ་རེད།

 ཤེས་གསལ་བྱུང་བ་ལྟར་ན།  བདེ་ཆེན་ཁུལ་གྱི་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་འཆར་འགོད་ལ་བསྡོམས་པས་རྣམ་གྲངས93བཀོད་སྒྲིག་བྱས་ཡོད་ལ། འཆར་འགོད་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱུར26.2གཏོང་རྒྱུ་ཡིན་པ་དང་།  སོ་སོ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་དང་རྒྱལ་ཁབ་པུའུ་ཨུའི་མ་དངུལ།  ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ།  ཁུལ་དང་རྫོང་རིང་གི་མ་དངུལ་ཧྲག་བསྡུ་སོགས་ཐབས་ལམ་སྤྱད་དེ་བསྐྱར་སྐྲུན་མ་དངུལ་ཐག་གཅོད་བྱེད་རྒྱུ་རེད།  ས་འགུལ་གནོད་ཐེབས་ས་ཁུལ་དུ་མང་ཆེ་ཤས་བོད་རིགས་འདུས་སྡོད་ཁུལ་ཡིན་པ་དང་མཐོ་སྒང་ས་ཆ་རུ་ཆགས་ཡོད་པ། ཅུང་དབུལ་ཕོངས་ཡིན་པ།  མང་ཚོགས་ཀྱི་རང་སྐྱོར་ནུས་ཤུགས་ཞན་པའི་གནས་ཚུལ་ལ་དམིགས་ཏེ།  བསྐྱར་སྐྲུན་གོ་རིམ་ཁྲོད།  གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་དུས་ཡུན་ཟླ3རིང་ནས་ཟླ6རིང་ལ་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་མ་ཟད།  མི་རེར་ཟླ་རེ་ལ་སྒོར375ཁ་གསབ་བྱེད་རྒྱུ་རེད།  དེའི་ཐོག་དགུན་དུས་ཀྱི་ཁ་གསབ་དུས་ཡུན་ཟླ7ལ་ཇེ་རིང་དུ་བཏང་ཞིང་།  མི་རེར་ཟླ་རེ་ལ་སྒོར5ཁ་གསབ་བྱེད་རྒྱུ་ཡིན་པས་དུས་མཚུངས་སུ།  དམངས་སྡོད་ཁང་པའི་བསྐྱར་སྐྲུན་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་ལ།  གནོད་འཚེ་ཐེབས་པའི་དམངས་སྡོད་ཁང་པའི་སླར་གསོ་ཚད་གཞི་དུད་ཁྱིམ་རེར་སྒོར2000ནས་སྒོར5000འཕར་བ་དང་། དམངས་སྡོད་ཁང་པ་བརྡིབས་པའི་བསྐྱར་སྐྲུན་ཚད་གཞི་དུད་ཁྱིམ་རེར་སྒོར་ཁྲི3.8ནས་སྒོར་ཁྲི5ཇེ་མཐོར་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག