མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་གྱི་སྟེགས་བུ་སེམས་ཀྱི་ཉི་ཟླ་རྫོང་ཡོངས་སུ་ཁྱབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-22 10:42


ཀྲུང་གོའི་སྤོ་འགུལ་བདེ་ཆེན་ཡན་ལག་ཀུང་སིའི་ལས་བྱེད་མི་སྣས་ལག་ཁྱེར་ཁ་པར་གྱི་མཐའ་སྣེ་ཡར་ཞུ་བྱེད་པའི་ཆ་འཕྲིན་ཁྲིད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10པའི་ཚེས14ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྲིད་ཁྲིམས་ཨུས་སྣེ་ཁྲིད་བྱས་ནས་ཉི་ཤར་ཤང་དུ་སྤེལ་བའི་སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་གྱི་སྟེགས་བུའི་གསོ་སྦྱོང་དེ་བདེ་བླག་ངང་མཇུག་སྒྲིལ་བ་དེས། སེམས་ཀྱི་ཉི་ཟླ་རྫོང་གི་གཞི་རིམ་གྱི་དྲ་རྒྱ727(གྲོང་ཁྱེར་དྲ་རྒྱ་དང་གྲོང་མི་ཚོ་ཆུང་)དང་། ཤང་དང་གྲོང་རྡལ11ལ་སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་གྱི་སྟེགས་བུས་ཁྱབ་ཡོད་པ་མཚོན་ཡོད།

གསོ་སྦྱོང་གི་ཁྲོད་དུ། ཆ་འཕྲིན་པས་སྤྱི་ཚོགས་དོ་དམ་གྱི་ལག་ཁྱེར་ཁ་པར་གྱི་སྤྱོད་སྒོ་ཁོང་དུ་ཆུད་ཐུབ་ཆེད་དུ། རྫོང་ཨུའི་ལྟེ་གནས་གཉིས་ཀྱི་ལས་བྱེད་པས་ཆ་འཕྲིན་སྐྱེལ་བ་དང་། མི་གྲངས་བསྡོམས་རྩིས། དྲ་ཐོག་བདག་གཉེར་བྱེད་པར་འཆད་འགྲེལ་ཞིབ་ཕྲ་བྱས་པ། གསོ་སྦྱོང་དེ་ཁག་གཉིས་སུ་བགོས་ཡོད་དེ། གཅིག་ནི་དྲ་རྒྱའི་ཆ་འཕྲིན་པར་ལག་ཁྱེར་ཁ་པར་གྱི་སྤྱོད་སྒོ་གསོ་སྦྱོང་བྱེད་པར་གཙོ་བོ་མི་གྲངས་བསྡོམས་རྩིས་དང་ཆ་འཕྲིན་སྐྱེལ་ཞུ་བྱེད་པ་གཉིས་ཡོད། གསོ་སྦྱོང་ལས་ཡུལ་དངོས་སུ་དཔེ་སྟོན་བྱས་ནས་ནང་དོན་ཁོང་དུ་ཆུད་པར་ཁག་ཐེག་བྱས། གཉིས་ནི་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡོམས་སྒྲིག་བཅོས་བརྟན་སྲུང་ལས་ཀའི་ལྟེ་གནས་དང་གྲོང་པའི་ཕྱོགས་བསྡོམས་སྒྲིག་བཅོས་བརྟན་སྲུང་ལས་ཀའི་ས་ཚིགས་ལ་གློག་ཀླད་ཀྱི་སྤྱོད་སྒོ་གསོ་སྦྱོང་བྱས་པ། ནང་དོན་གཙོ་བོ་ནི་སྤྱི་ཚོགས་དོ་དམ་སྟེགས་བུའི་གཞི་རྩའི་འཁོར་སྤྱོད་བྱེད་ལུགས་དང་། ནང་རྐྱེན་བདག་གཉེར། མི་གྲངས་ཡར་བསྡུས། གྲངས་གཞིའི་རེའུ་མིག སྡེ་ཁག་གི་ལས་སྒོའི་བརྒྱུད་རིམ་སྒྲུབ་གཉེར་བྱེད་སྟངས་བཅས་ཡིན།

གོ་རྟོགས་ལྟར་ན། སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་གྱི་སྟེགས་བུ་ལག་བསྟར་བྱེད་པ་དེ་ནི་སྤྱི་ཚོགས་དོ་དམ་ཁྲོད་དུ་སྤེལ་བའི་ཧུར་ཐག་གི་འཚོལ་ཞིབ་ཅིག་ཡིན། སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་དེས་འབྲེལ་ཡོད་ལག་རྩལ་ལ་རག་ལས་ནས། དུས་ཐོག་ཏུ་གཞི་རིམ་གྱི་རེ་འདོད་དང་དགོས་མཁོ་གང་མང་ཞིག་འབྲེལ་ཡོད་སྡེ་ཁག་ཏུ་ཞུས་ཐུབ་པས། དོ་དམ་སྡེ་ཁག་གིས་འབྲེལ་ཡོད་གནས་ཚུལ་ཁོང་དུ་ཆུད་པར་ཕན་ཐོགས་ཡོད་དེ། དུས་ཐོག་ཏུ་མང་ཚོགས་ཀྱི་འདོད་བློ་གོ་ཐོབ་ཅིང་། ལས་བྱེད་པ་དང་མང་ཚོགས་བར་རྒྱུན་དུ་འབྲེལ་གཏུགས་བྱས་པ་དང་། འདོད་བློ་མངོན་འགྱུར་བྱུང་བ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་ལ། དོ་དམ་གྱི་མ་གནས་དེ་ཇེ་དམར་གཏོང་ཐུབ། སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་གྱིས་འཇུག་ངོགས་ངེས་ཅན་ལ་བརྟེན་ནས། མ་གནས་དམའ་བའི་སྒོ་ནས་ཆ་འཕྲིན་བསྡུས་ལེན་དང་། གསར་བརྗེ། ལྡོག་འདྲེན་བྱེད་པ་བཅས་བྱེད་ནུས་མང་པོ་ཡོད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་གི་དྲ་བའི་འབྱེད་སྟངས་ནི་གྲོང་མི་ཚོ་ཆུང་རེར་དྲ་བ་རེ་དང་།(ཅུང་ཆེ་བའི་གྲོང་མི་ཚོ་ཆུང་ཡིན་ན་དྲ་བ2རེ་ཡོད།) དྲ་བ་རེར་ཆ་འཕྲིན་པ་རེ་བཀོད་སྒྲིག་བྱེད་པའི་རེ་བ་ལྟར། ད་སྔའི་བར་དུ། བསྡོམས་ཏེ་དྲ་བ727འཛུགས་ཚར་བ་དང་། ཆ་འཕྲིན་པ་མི727ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག