མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པས་སློབ་གྲྭའི་གླུ་དབྱངས་མཉམ་ལེན་འགྲན་བསྡུར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-22 10:42

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་སློབ་འབྲིང་གཉིས་པས་སློབ་གྲྭའི་གླུ་དབྱངས་མཉམ་ལེན་འགྲན་བསྡུར་བྱས་པ།ལས་ཡུལ་དངོས་ཀྱི་ངང་ཚུལ་གསོན་མཉམ་ལྡན་པ་མ་ཟད།སློབ་གྲོགས་རྣམ་པས་རང་རང་གི་ནུས་རྩལ་ཡང་གསལ་པོར་སྟོན་པ་རེད།

སློབ་གྲྭའི་གླུ་དབྱངས་མཉམ་ལེན་འགྲན་བསྡུར་བྱེད་པའི་བྱེད་སྒོ་དེ་བསྟུད་མར་ལོ་གསུམ་སྤེལ་ཟིན། ཐེངས་འདིའི་སློབ་གྲྭའི་གླུ་དབྱངས་མཉམ་ལེན་འགྲན་བསྡུར་དེ་དམའ་རིམ་ལོ་རིམ་དང་པོའི་འཛིན་གྲྭ་བཅུ་དགུ་པར་བྱ་དགའ་ཨང་དང་པོ་ཐོབ་པ་རེད།སློབ་གྲྭའི་འགོ་ཁྲིད་ཀྱིས་སློབ་གྲྭའི་གླུ་དབྱངས་འགྲན་བསྡུར་དེ་སློབ་མའི་རང་བློ་རང་འཁེལ་གྱི་བསམ་པ་གསོ་སྐྱོང་བྱེད་པ་དང་། སློབ་གྲོགས་ཚོའི་ནུས་རྩལ་གསལ་པོར་སྟོན་པའི་ཆེད་དུ་སྤེལ་བ་རེད།གླུ་དབྱངས་འགྲན་བསྡུར་བྱས་པ་བརྒྱུད་ནས།སློབ་མའི་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་ཞིང་། སློབ་མའི་སློབ་སྦྱོང་གི་ཧུར་སེམས་མཐོར་བཏང་ཡོད་ལ།དགེ་སློབ་བར་གྱི་འབྲེལ་བ་ཡང་དམ་པོར་འགྱུར་ཐུབ་པ་རེད་ཞེས་གསུངས་པ་རེད།

སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པའི་སློབ་གྲྭའི་གླུ་དབྱངས་ནི་མ་འོངས་པའི་རེ་བ་འཕུར་དུ་འཇུག་པ་ཞེས་པ་དེ་ཡིན་ལ། 2010ལོར་རང་ཁུལ་དུ་སྐད་གྲགས་ཁྱབ་པའི་རོལ་མོ་མཁན་ཀུའོ་ཅན་ཧུང་གིས་གསར་བཟོ་བྱས་ཤིང་།གླུ་དབྱངས་ཀྱི་གཞས་གདངས་ཤུགས་ཉམས་ལྡན་པས།སློབ་གྲྭའི་མཐུན་སྒྲིལ་འབད་བརྩོན་དང་སྟོབས་ཤུགས་ལྡན་ཞིང་གསོན་མཉམ་ལྡན་པ་ཞེས་པའི་གདམ་ཚིག་དེ་ཡོངས་སུ་སྟོན་ཡོད་དེ།སློབ་གྲྭ་ཧྲིལ་པོའི་དགེ་སློབ་ཐམས་ཅད་ཀྱིས་གླུ་དབྱངས་དེ་ལ་དགའ་གཅེས་ཆེན་པོ་ཐོབ་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག