མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-21 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10བའི་ཚེས18ཉིན།  ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ“8.28”དང“8.31”ས་འགུལ་གནོད་འཚེའི་བསྐྱར་འཛུགས་བྱ་བའི་གྲོས་ཚོགས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས།  གྲོས་ཚོགས་ལས་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་ནི་གནོད་ཐེབས་ས་ཁུལ་གྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བོར་བདེ་འཇགས་ཡོང་བའི་གོ་སྐབས་ལེགས་པོ་རུ་བརྩིས་ནས།  དམངས་སྡོད་ཁང་པ་བསྐྱར་འཛུགས་དང་དམངས་འཚོ་འགན་སྲུང་ལེགས་བསྒྱུར།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན།  གནོད་འགོག་རྒུད་སྐྱོབ་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་དོ་དམ་འཛུགས་སྐྲུན་བྱེད་པ་བཅས“བཟོ་འགོད་ལྔ”ལག་བསྟར་ལེགས་པོ་བྱས་པ་བརྒྱུད།  གནོད་ཕྱིའི་བསྐྱར་འཛུགས་ལས་འགན་མགྱོགས་མྱུར་ངང་ལེགས་འགྲུབ་འབྱུང་བར་སྐུལ་འདེད་བྱེད་དགོས་པ་ནན་གྱིས་བསྟན།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིན་ལང་གིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་མི་སྣས་གནོད་ཕྱིའི་བསྐྱར་འཛུགས་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་དག་ལ་འདུ་ཤེས་ཟབ་མོ་བཅངས་ཏེ། འཚོ་བ་དངོས་དང་བསྟུན་ཅི་ཐབས་བྱེད་པ་དང་།  ལྡོག་རྩ་གཅིག་སྒྲིལ་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་སྤྲད་པའི་གནོད་ཕྱིའི་བསྐྱར་འཛུགས་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག