མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་དབྱི་ཡིས་བདེ་ཆེན་ཁུལ་དུ་འཕེལ་རྒྱས་དང་བརྟན་བརླིང་གི་ལས་ཀ་ལ་བརྟག་ཞིབ་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-21 10:18


ཧོང་དབྱི་ཡིས་ཡང་ཐང་རྩྭ་སྨན་འདེགས་འཛུགས་བརྟེན་གཞིར་འདེབས་འཛུགས་ཡོང་འབབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10པའི་ཚེས14ཉིན་ནས་ཚེས15ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ། བདེ་ཆེན་ཁུལ་ཏང་ཨུའི་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱི་ལགས་ཀྱིས་ཁུལ་ཨུའི་ཐབས་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཞིང་ལས་ཐིང་། ཁུལ་དབུལ་སྐྱོར་སྡེ་ཁག་སོགས་འབྲེལ་ཡོད་འགན་འཁུར་མི་སྣ་དག་སྣེ་ཁྲིད་དེ་གཏིང་ཟབ་ཀྱི་སྒོ་ནས་རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱ་འགུལ་དང་ཞིང་ལས་ཐོན་སྐྱེད་གསོ་སྐྱོང་།དབུལ་སྐྱོར་ལས་ཀའི་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ལས་ཀའི་གནས་ཚུལ་ལ་བརྟག་དཔྱད་གནང་བ་རེད། ཞིབ་འཇུག་བརྟག་དཔྱད་བྱེད་པའི་སྐབས་སུ། ཧོང་དབྱི་ཡིས་ནན་ཏན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱ་འགུལ་སྤེལ་དགོས་པ་དང་།ཏན་ཏན་ཏིག་ཏིག་གིས་འཕེལ་རྒྱས་དང་བརྟན་བརླིང་ལས་ཀ་དེ་མི་དམངས་ཀྱི་བློ་ལ་བབ་པར་བྱེད་དགོས་ལ།བོད་ཁུལ་གྱི་མཆོང་སྐྱོད་དང་ཡུན་རིང་གཏན་འཇགས་ཀྱི་ལས་ཀར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་མ་ཝུན་ལོང་དང་།ཁུལ་ཨུའི་རྒྱུན་ཨུ།སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་།ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ནོར་བུ་ཚེ་རིང་།ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཕིན་ཧྭ་དང་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཨ་འདུ།ཞིང་ཨུའི་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་གཟིགས་པ་གཞོན་པ་ཚི་ཀེ་ཧྭ་བཅས་མཉམ་དུ་ཐེངས་འདིའི་བརྟག་དཔྱད་དུ་ཕེབས་པ་རེད།

ཚེས14ཉིན་གྱི་སྔ་དྲོ།ཧོང་དབྱི་གནམ་གྲུ་ལས་འབབ་མ་ཐག་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེར་བརྟག་དཔྱད་དུ་ཕེབས།ཉི་ཤར་གྲོང་སྡེའི་“ཨུ་གཉིས”་ཀྱི་ལས་དང་གཞུགས་མོལ་བྱེད་པའི་སྐབས་སུ།ཧོང་དབྱི་ཡིས་གྲོང་སྡེའི་ལས་བྱེད་མི་སྣས་བཤད་པའི་ཐོན་སྐྱེད་འཚོ་བ་དང་འཕེལ་རྒྱས་ཁྲོད་ཐུག་པའི་དཀའ་ངལ་དང་གནད་དོན་ལ་ནན་ཏན་གྱིས་ཉན་པ་རེད།ཁོང་གིས་མང་ཚོགས་ཀྱི་ལས་ཀ་སྒྲུབ་པའི་སྐབས་སུ་གནད་དོན་ལ་གཡོལ་མི་ཉན་པ་དང་།ངེས་པར་དུ་ཐབས་ལམ་དང་ཐབས་ཤེས་ལ་ཡིད་འཇོག་བྱེད་དགོས་པ་དང་།གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་སྔོན་ཐོན་ཀྱི་དཔེ་ལེགས་སྟོན་ནས་མང་ཚོགས་ཁྲོད་ཞུགས་པ་དང་མི་རིགས་ཀྱི་སྐད་ཆ་བཀོལ་ནས་མང་ཚོགས་དང་ཁ་བརྡ་བྱས་ཏེ།དོན་དངོས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན་ཞིབ་མོའི་སྒོ་ནས་གོ་རྟོགས་བྱེད་དགོས་ལ།ལྷག་བསམ་ཟོལ་མེད་ཀྱིས་ཁོ་ཚོའི་དངོས་ཡོད་ཀྱི་གནད་དོན་དང་དཀའ་ངལ་ལ་ཐག་གཅོད་བྱས་ནས།ནུས་ཤུགས་གང་ཡོད་ཀྱིས་ཁོ་ཚོར་དོན་བཟང་སྒྲུབ་དགོས་ཅེས་གསུངས་པ་རེད།

སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེའི་མ་ཁ་འདེབས་འཛུགས་རྟེན་གཞི་དང་།ཡང་ཐང་བོད་ཕག་གསོ་ར་སོགས་ཁྱད་ལྡན་ཐོན་སྐྱེད་ཁུལ་དུ་ཞིང་ལས་ཐོན་སྐྱེད་འདེབས་གསོ་དང་།འཕེལ་རྒྱས་ཀྱི་གནས་ཚུལ་བརྟག་དཔྱད་བྱེད་པའི་སྐབས་སུ།ཧོང་དབྱི་ཡིས་ཞིང་སྡེའི་འཕེལ་རྒྱས་དང་ཞིང་ལས་ཐོན་སྐྱེད་ཀྱི་འདེབས་གསོའི་གཙོ་གནད་ནི་ཁྱིམ་ཚང་རེ་རེར་བརྟན་འཇགས་ཡོང་འབབ་ཀྱི་འབྱུང་ཁུངས་ཤིག་ཡོད་པ་དང་།མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་དགོས་པས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་ཀྱིས་བཀོལ་སྤྱོད་བྱས་ནས།ཡུལ་རང་གི་ཁེ་ལས་འཕེལ་རྒྱས་རྒྱ་སྐྱེད་བྱེད་པ་དང་བསྟུན་ཞིང་།ཁེ་ལས་གཞན་པའི་སྔོན་ཐོན་གྱི་ལག་རྩལ་དང་མི་འཇོན་ཐང་ཅན།མ་དངུལ་འབོར་ཆེན་སོགས་ལ་བརྟེན་ཏེ།སྲོལ་རྒྱུན་གྱི་འདེབས་གསོའི་སྒྲིག་གཞི་ལེགས་བཅོས་བྱས་ནས།ཐོན་སྐྱེད་ཅན་དང་ཆེད་ལས་ཅན།དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ལམ་ཆེན་དུ་བསྐྱོད་དེ།མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་དུ་འཕར་སྣོན་བྱེད་དགོས་ཞེས་གསུངས་པ་རེད།

ཧོང་དབྱི་ཡིས་དགའ་ལྡན་སུམ་རྩེན་གླིང་དུ་གྲྭ་བཙུན་རྣམས་དང་བཞུགས་མོལ་བྱེད་པའི་སྐབས་སུ།གྲྭ་བཙུན་རྣམས་ལ་མུ་མཐུད་དུ་བདེ་འཇགས་དང་འཆམ་མཐུན།སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་དགོན་སྡེ་བསྐྲུན་པར་སྐུལ་འདེད་བྱས་པ་དང་།དགོན་སྡེ་ནས་ཁ་བྲལ་དུས་སུ།ཧོང་དབྱི་ཡིས་དགོན་སྡེའི་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་ལས་ཀ་མང་པོ་སྒྲུབ་པ་དང་བྱས་རྗེས་མང་པོ་བཞག་ནས་དགོན་སྡེ་དེ་བདེ་འཇགས་འཆམ་མཐུན་དང་མེས་རྒྱལ་ལ་དགའ་བ།རྒྱལ་ཁབ་ལ་སྲུང་སྐྱོབ་དང་དམངས་ལ་ཕན་པའི་ཆོས་ལུགས་ཀྱི་དོ་ར་སྐྲུན་དགོས་པའི་ནན་མངག་བྱས་པ་རེད།

བརྟག་དཔྱད་ཚོ་ཆུང་གིས་ད་དུང་རང་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་གི་དབུལ་སྐྱོར་གནས་ཚུལ་དང་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་གནང་པ་རེད།ཧོང་དབྱི་ཡིས་བདེ་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།ལྷག་པར་དུ་ཏང་ཡོན་ལས་བྱེད་པས་ནན་ཏན་གྱིས་སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་བྱས་ཏེ།སྔར་བཞིན་མང་ཚོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

བརྟག་དཔྱད་བྱེད་པའི་སྐབས་སུ།ཧོང་དབྱི་ཡིས་ད་དུང་ཆོས་ལུགས་ལས་རིགས་ཀྱི་བླ་མ་བསྟན་འཛིན་ཆོས་འཕེལ་དང་བོད་རིགས་སྤུན་ཟླ་རྒྱབ་ཟུར་ངག་དབང་བློ་བཟང་དཔལ་ལྡན་དང་རྒྱབ་ཟུར་བརྟན་འགྲིན་གྱི་ཁྱིམ་དུ་ཕེབས་ནས།ཁོ་ཚོར་སེམས་གཏམ་གླེང་བ་དང་འཚམས་འདྲི་བྱས་ཏེ་ཁོ་ཚོར་སྔར་བཞིན་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་ལ་ནུས་པ་བཏོན་ནས།བོད་ཁུལ་གྱི་མཐུན་སྒྲིལ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལ་བྱས་རྗེས་གང་ལེགས་འཇོག་དགོས་པའི་རེ་བ་འདོན་པ་རེད།

མ་ཝུན་ལུང་གིས་ཁུལ་ཡོངས་རིམ་པ་སོ་སོའི་སྡེ་ཁག་གིས་ཧོང་དབྱི་ཡིས་བདེ་ཆེན་དུ་བརྟག་དཔྱད་བྱེད་སྐབས་ཀྱི་གསུང་བཤད་སྙིང་དོན་དོན་ཐོག་ཏུ་འཁྱོལ་དགོས་པ་དང་།དོན་དངོས་ནས་ལས་ཀའི་འཕེལ་རྒྱས་དམ་བཟུང་དང་རྣམ་གྲངས་སོ་སོའི་ལས་ཀ་བརྟན་བརླིང་དང་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཡུས་ཧྲེང་ཞང་དང་ནོར་བུ་ཚེ་རིང་གཉིས་ཀྱིས་འབྲེལ་ཡོད་ལས་ཀ་དག་བརྟག་དཔྱད་ཚོ་ཆུང་ལ་སྙན་ཞུ་ཕུལ་བ་རེད།ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འགོ་ཁྲིད་ལོ་ཀྲོང་ཝིན་གྱིས་ཚོགས་ཐོག་ཏུ་ཞུགས་ཡོད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག