མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-18 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས། རྫོང་འདིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་བ་སྲིད་གཞུང་བྱ་བའི་གྲོས་རིམ་གལ་ཆེན་ནང་བཞུག་ཡོད་པ་དང་།  གོང་རིམ་སྡེ་ཁག་ལ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྣམ་གྲངས《ལི་སུའུ་རིགས་ཀྱི་སྒྲ་ཚིགས་ཡི་གེ》དང《པའོ་ཧའོ་གྲོང་རྡལ་གྱི་ཟློས་གར》སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རྣམ་གྲངས་ནང་ཚུད་པར་སྙན་ཞུ་ཕུལ་བ་དང་དུས་མཚུངས་སུ།  རྫོང་འདིས《འབའ་ལུང་རྫོང་ལི་སུའུ་རིགས་རང་སྐྱོང་རྫོང་གི་མི་རིགས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་སྲོལ་ཡིག》འགྲེམ་སྤེལ་བྱས་པས།  གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ལ་བཅའ་ཁྲིམས་ཐད་ཀྱི་འགན་སྲུང་འདོན་སྤྲོད་བྱས་པ་རེད། མིག་སྔར། རྫོང་འདིས་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ཞིབ་བཤེར་ཡིག་ཚགས་ཚང་མ་ཡིག་ཐོག་ཡིག་ཚགས་དང་གློག་རྡུལ་ཡིག་ཚགས་བཙུགས་པ་མ་ཟད། ལོ་དུ་མའི་རིང་གི་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ཞིབ་བཤེར་གྲུབ་འབྲས་རྩོམ་སྒྲིག་པར་སྐྲུན་བྱས་ནས་སྲུང་སྐྱོང་བྱས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག