མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཀྲེང་ཧུང་གིས་ཡུན་ནན་དང་སི་ཁྲོན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ་འཛུགས་སྐྲུན་ལས་ཡུལ་དུ་བརྟག་ཞིབ་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-18 10:42


བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ལས་ཡུལ་དངོས་སུ་ལས་གྲྭའི་འཕེལ་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པ།(ཧྲི་ཞན་ཡའོ་ཡིས་པར་བླངས།)

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10ཚེས་12ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཡུན་ནན་དང་སི་ཁྲོན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ་སེམས་ཀྱི་ཉི་ཟླའི་སྔོན་ལུང་ནས་སྡེ་རོང་རྫོང་གི་མའོ་ཝུའུ་བར་གྱི་གཞུང་ལམ་གྱི་འཛུགས་སྐྲུན་ལས་ཡུལ་དངོས་སུ་བརྟག་ཞིབ་བྱེད་དུས་ནན་གྱིས་གསུངས་དོན།འབྲེལ་ཡོད་ལས་ཁུངས་དང་འཛུགས་སྐྲུན་དུ་ཞུགས་པའི་སྡེ་ཁག་དང་ལས་གཞིའི་བཀོད་འདོམས་པུའུ་ཡིས་བསམ་བློ་གཅིག་གྱུར་བྱེད་པ་དང་འདུ་ཤེས་མཐོ་རུ་གཏོང་སྟེ།ཨར་ལས་བྱེད་དཀའ་བ་སོགས་ཀྱི་དཀའ་ཚེགས་སེལ་ཐབས་བྱེད་པ་དང་།ཤུགས་འཇོག་ཚད་མཐོ་རུ་གཏོང་བའི་ལྷན་དུ།བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་དང་ལས་གྲྭའི་སྤུས་ཚད་ལ་དམ་འཛིན་བྱེད་དེ།གཞུང་ལམ་འཛུགས་སྐྲུན་དེ་གོམ་བརྟན་ངང་མདུན་དུ་སྤེལ་ནས།ལོ་ནང་དུ་གཞུང་ལམ་གྱི་ལམ་གཞིའི་འཛུགས་སྐྲུན་ལས་འགན་ཡོངས་སུ་འགྲུབ་ཐུབ་པ་བྱེད་རྒྱུ་དང་།གཞུང་ལམ་འཛུགས་སྐྲུན་ཇེ་མགྱོ གས་སུ་ཡོངས་སུ་གྲུབ་ནས་ཤར་གཏོང་ཐུབ་པ་ཡོང་བར་རྨང་གཞི་འདིང་དགོས།

ཉིན་དེར།ཧོང་ཀྲེང་ཧུང་དང་བཅས་པ་རླངས་འཁོར་དུ་སྡོད་དེ་སི་ཁྲོན་སྡེ་རོང་རྫོང་གི་མའོ་ཝུའུ་ནས་གཏེར་རོང་ཆུ་བོའི་རྒྱུད་དུ་ཡར་སྐྱོད་དེ་ཡུན་ནན་དང་སི་ཁྲོན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ་སེམས་ཀྱི་ཉི་ཟླ་རྫོང་གི་སྔོན་ལུང་ནས་སྡེ་རོང་རྫོང་གི་མའོ་ཝུའུ་བར་གྱི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།ལས་གཞིའི་འོས་ཐོབ་ལམ་དུམ་གཉིས་པའི་ལམ་གཞི་རྐོ་ཚར་བ་དང་རྩིག་རགས་བཟོ་ཚར་བའི་གནས་ཚུལ་ཤེས་རྗེས།ཁོང་གིས་བཀོད་འདོམས་པུའུ་དང་འཛུགས་སྐྲུན་སྡེ་ཁག་གི་ལས་ཀར་འདེང་འཇོག་འདང་ངེས་གནང་ཞིང་།འཛུགས་སྐྲུན་སྡེ་ཁག་གིས་བདེ་འཇགས་ཀྱི་འགག་རྩ་དམ་འཛིན་བྱེད་པ་དང་སྤུས་ཚད་ཀྱི་འགག་རྩ་དམ་འཛིན་བྱེད་པའི་ལྷན་དུ།འཛུགས་སྐྲུན་གྱི་གོམ་སྟབས་མགྱོ གས་སུ་གཏོང་བ་དང་ལམ་གཞིའི་འཛུགས་སྐྲུན་ཇེ་མགྱོ གས་སུ་མཇུག་སྒྲིལ་རྒྱུའི་སྐུལ་སློང་བྱས་པ་རེད།

དེའི་རྗེས་སུ།གཏེར་རོང་ཤང་དུ་འཚོགས་པའི་ལས་གཞིའི་འཕེལ་ཚུལ་གྱི་སྙན་ཞུའི་ཚོགས་འདུའི་ཐོག ཧོང་ཀྲེང་ཧུང་གིས་བསྟན་དོན།ཡུན་ནན་དང་སི་ཁྲོན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ་ནི་ཡུན་ནན་དང་སི་ཁྲོན།བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་གལ་ཆེའི་འགྲིམ་འགྲུལ་ལམ་ཆེན་ཞིག་ཡིན་ཞིང་།དམིགས་བསལ་དུ་བདེ་ཆེན་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བར་གྱི་དཔལ་འབྱོར་རིག་གནས་ཀྱི་བརྗེ་རེས་མཉམ་ལས་དང་ས་ཁོངས་ཐོན་ཁུངས་ཀྱི་གསར་སྤེལ།ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས།འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་དངོས་སྲུང་ཡོལ་འཛུགས་སྐྲུན་དང་བོད་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ལ་གལ་ཆེའི་ཕན་ནུས་ལྡན།2009ལོར་ལས་གཞི་དེ་ལས་འགོ་ཚུགས་པའི་ཚུན་ལ།གོང་རིམ་སྡེ་ཁག་དང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པའི་འོག ཨར་ལས་དཔུང་སྡེ་སོ་སོ་དང་འཛུགས་སྐྲུན་དུ་ཞུགས་པའི་སྡེ་ཁག་གིས་རྡོ་རྩ་གཅིག་སྒྲིལ་གྱིས་མཁྲེགས་གཏོར་དཀའ་སེལ་བྱས་ཏེ།གཞུང་ལམ་འཛུགས་སྐྲུན་དེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་མོ་ཐོབ་ཡོད།འོན་ཀྱང་།དམིགས་བསལ་གྱི་རང་བྱུང་གི་ཆ་རྐྱེན་དང་ས་གཤིས་གནས་བབ་ཀྱི་དབང་གིས།ལས་གྲྭའི་འཛུགས་སྐྲུན་ལ་དཀའ་ཚེགས་ཆེན་མོ་ལྷགས་ཡོད།

ཧོང་ཀྲེང་ཧུང་གིས་ནན་གྱིས་གསུངས་དོན།ཡུན་ནན་དང་སི་ཁྲོན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ་འཛུགས་སྐྲུན་དེ་བདེ་ཆེན་གྱི་ཕྱི་རོལ་ལ་འབྲེལ་མཐུད་བྱེད་་ནུས་མཐོ་རུ་གཏོང་བ་དང་ས་ཁོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་གཏོང་བའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།མིག་སྔར།གཞུང་ལམ་འཛུགས་སྐྲུན་དེ་མཐའ་མའི་མཁྲེགས་གཏོར་དུས་རིམ་དུ་སླེབས་ཡོད་དེ།འཛུགས་སྐུན་དུ་ཞུགས་པའི་སྡེ་ཁག་སོ་སོ་ཡིས་འདུ་ཤེས་མཐོ་རུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་འཛུགས་ནས།བདེ་འཇགས་ཨང་དང་པོ་དང་སྤུས་ཚད་ལ་དོ་སྣང་བྱེད་པའི་རྩ་དོན་ལྟར།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཧུར་ཐག་གིས་ཞིབ་བཤེར་བཀོད་སྒྲིག་བྱེད་པ་དང་ནུས་ཡོད་ཀྱི་བྱ་ཐབས་སྤྱོད་དེ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོ གས་སུ་གཏོང་དགོས།ལས་གཞིའི་འཛུགས་སྐྲུན་འཆར་འགོད་ལེགས་སུ་གཏོང་བ་དང་ལས་གཞིའི་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་སྟེ།ལས་གྲྭའི་ལག་རྩལ་སྤུས་ཚད་ཀྱི་ཚད་གཞི་ལྟར་ལས་གྲྭའི་འཛུགས་སྐྲུན་འཆར་འགོད་ལེགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ལས་གྲྭ་ཚུགས་ཏེ།ལོ་ནང་དུ་ལམ་གཞི་ཡོངས་སུ་འགྲུབ་ཐུབ་པ་བྱེད་དགོས།དུས་མཚུངས་སུ།ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་གི་འཕེལ་སྒྱུར་ཨུ་དང་།ནོས་སྲིད་དང་འགྲིམ་འགྲུལ་སོགས་སྡེ་ཁག་གིས་ལས་རོགས་དམ་ཟབ་བྱེད་དགོས་པ་དང་།ཐབས་བརྒྱ་ཇུས་སྟོང་གིས་ལས་གཞི་བདེ་བླག་ངང་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན།ཡུན་ནན་དང་སི་ཁྲོན་བར་གྱི་རིམ་པ་གསུམ་པའི་གཞུང་ལམ་སྔོན་ལུང་དང་མའོ་ཝུའུ་བར་གྱི་ལམ་དུམ་དེ་སྤྱིའི་རིང་ཚད་སྤྱི་ལེ་69ཡོད་ཅིང་།རགས་རྩིས་ལ་མ་དངུལ་བསྡོམས་གྲངས་སྒོར་དུང་ཕྱུར་12.1འཇོག་རྒྱུ་རེད།དེའི་ནང་དུ།མིག་སྔར།མ་དངུལ་སྒོར་དུང་ཕྱུར་3འཇོག་ཚར་བ་རེད།

ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་ཀྲང་ཀྲི་ཅུན་དང་།ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་གི་འཕེལ་སྒྱུར་ཨུ།འགྲིམ་འགྲུལ་དང་ནོར་སྲིད་སོགས་སྡེ་ཁག་གི་འགན་འཁུར་བས་ལྷན་དུ་བརྟག་ཞིབ་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག