མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཀྲང་ཏེང་ལིའང་གིས་བདེ་ཆེན་རྫོང་དུ་སླར་གསོ་བསྐྱར་སྐྲུན་དང་ཁྱད་ལྡན་ཐོན་ལས་གྱི་གོང་འཕེལ་ལ་བརྟག་ཞིབ་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-18 10:32


ཀྲང་ཏེང་ལིའང་གིས་ད་དུང་གཡག་རྭ་ཤང་ནོར་བུ་སྟེང་དགོན་པའི་གྲྭ་བ་རྣམས་ལ་འཚམས་འདྲི་གནང་བ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ10པའི་ཚེས11ཉིན་ནས་ཚེས12ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་བདེ་ཆེན་རྫོང་ཀོང་རྩེད་ར་གྲོང་རྡལ་ལ་བཞི་གྲོང་དང་གཡག་རྭ་ཤང་འབུམ་སྟེང་གྲོང་དུ་བརྟག་ཞིབ་བྱས་དུས་ནན་གྱིས་གསུང་དོན། མི་དམངས་ཀྱི་རེ་འདུན་ནི་ང་ཚོའི་དམིགས་འབེན་ཡིན་པ་དང་། མི་དམངས་ཀྱི་རེ་སྒུག་དང་དགོས་མཁོ་ནི་ང་ཚོས་ཤུགས་འདོན་ནས་ཐག་གཅོད་དགོས་པའི་གནད་དོན་ཡིན། ཏན་ཏིག་གིས་ཁུལ་ཨུའི་ཐེངས17པའི་རྒྱུན་ཨུའི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་དགོས་ལ། གཏིང་ཟབ་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ། ནན་ཏན་གྱིས་མི་དམངས་ཀྱི་བསམ་ཚུལ་ལ་ཉན་བ་དང་། མི་དམངས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ། མི་དམངས་ཀྱི་སེམས་སྐྱོ་སངས་ཐབས་བྱེད་པ། མི་དམངས་ཀྱི་བསམ་ཚུལ་དང་མཐུན་པར་བྱེད་དགོས། ཏན་ཏིག་དང་བདེ་བླག་ངང་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་དང་ཁྱད་ལྡན་ཐོན་ལས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་བཏང་ནས། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལོངས་སྤྱོད་བྱེད་དུ་འཇུག་པ་དང་། ཡོང་སྤར་ཕྱུག་འགྱུར་མངོན་འགྱུར་བྱུང་དུ་འཇུག་དགོས།

“‘8.28’དང་‘8.31’ས་འགུལ་གྱི་ཁྲོད་དུ་ལ་བཞི་གྲོང་གི་གནོད་ཐེབས་ཁང་པ་ག་ཚོད་འདུག བསྐྱར་སྐྲུན་བྱེད་དགོས་པ་ག་ཚོད་འདུག སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་དུ་མང་ཚོགས་ཀྱི་བསམ་འཆར་གང་འདྲ་འདུག”ཀོང་རྩེད་ར་གྲོང་རྡལ་ལ་བཞི་གྲོང་གི་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཀྲང་ཏེང་ལིའང་གིས་ཞིབ་ཕྲའི་ངང་ལ་ཞིབ་གྲོང་གི་སླར་གསོ་བསྐྱར་སྐྲུན་ལས་ཀའི་གནས་ཚུལ་ཁག་དྲིས་བ་རེད། ཁོང་གིས་ནན་གྱིས་གསུང་དོན། སླར་གསོ་བསྐྱར་སྐྲུན་གྱི་སྙིང་པོ་ནི་མང་ཚོགས་ཡིན་པས། གཞི་རིམ་མདུན་ཕྱོགས་ཀྱི་ལས་བྱེད་པ་རྣམས་ཀྱིས་མང་ཚོགས་དང་གཞི་རིམ་གྱི་གནས་ཚུལ་ཆེས་ཧ་གོ་བ་རེད། དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལ་གཞིགས་པ་དང་། སྲིད་ཇུས་དང་གནོད་ཐེབས་གནས་ཚུལ་ལ་གཞིགས་ནས་རོགས་སྐྱོར་གྱི་ཚད་གཞི་གཏན་འབེབས་བྱེད་དགོས། ཡང་དག་པའི་ལས་ཀ་སྒྲུབ་ཐབས་འཛིན་ཏེ། མང་ཚོགས་ཡིད་ཆེས་པ་དང་། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་སྐུལ་སྤེལ་གཏོང་དགོས། མང་ཚོགས་ཀྱི་འཐུས་མི་ཁང་པའི་གནོད་ཐེབས་གནས་ཚུལ་གཏན་འཁེལ་བྱེད་པའི་ལས་ཀ་རུ་ཞུགས་བཅུག་པ་དང་། རྒུད་སྐྱོབ་ཀྱི་སྲིད་ཇུས་འགྲེལ་བཤད་གསལ་པོ་བྱེད་དགོས། མང་ཚོགས་ཀྱི་ཁང་པ་སྐྲུན་པའི་བསམ་བློ་སྒྱུར་བར་ཁྲིད་སྟོན་བྱེད་དེ། བདེ་འཇགས་དང་མཛེས་ཤིང་སྤྱོད་བདེ་བའི་བླང་བྱ་ལྟར་ཁང་པ་སྐྲུན་པར་སྐུལ་འདེགས་བྱེད་དགོས།

གཡག་རྭ་ཤང་འབུམ་སྟེང་གྲོང་དུ་བརྟག་དཔྱད་བྱས་དུས་ཀྲང་ཏེང་ལིའང་གིས་བསྟན་དོན། གཡག་རྭ་ཤང་གི་གནམ་གཤིས་ངན་པ་ཡིན་པ་དང་། འགྲིལ་འགྲུལ་སྟབས་མི་བདེ་བ། ཁུལ་ཡོངས་ཀྱི་ཡུལ་གཞན་ལས་དབུལ་པོ་ཡིན་པ་རེད། འོན་ཀྱང་འབུམ་སྟེང་གྲོང་གིས་གནམ་གཤིས་ཆ་རྐྱེན་ལ་བརྟེན་ནས་ཤུན་ལྡན་ཤིང་ཏོག་དང་ཤིང་ཏོག་སོགས་གནས་བབ་ཡག་པའི་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་དེ་ཐོག་མའི་གཞི་ཁྱོན་ལྡན་པ། ཞིང་པའི་ཡོང་འབབ་ནུས་པ་ལྡན་པའི་ངང་འཕར་ཡོད་དེ། རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་གཏིང་ཟབ་ངང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་ཞིང་པའི་ཡོང་སྤར་དེ་ལྟེ་བར་འཛིན་ནས། ཁྱད་ལྡན་ཐོན་ལས་གོང་སྤེལ་ཡག་པོ་གཏོང་དགོས།

བརྟག་ཞིབ་བྱས་པའི་བར་སྐབས་སུ། ཀྲང་ཏེང་ལིའང་གིས་ད་དུང་གཡག་རྭ་ཤང་ནོར་བུ་སྟེང་དགོན་པའི་གྲྭ་བ་རྣམས་ལ་འཚམས་འདྲི་གནང་བ། ཁོང་གིས་གྲྭ་བ་རྣམས་ལ་མུ་མཐུད་དུ“དགོན་པའི་ཚུལ་ཁྲིམས་བརྩི་སྲུང་བྱེད་པ་དང་ཆོས་སྦྱོང་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་པ་ཐོབ་པའི”སྲོལ་རྒྱུན་ཡག་པོ་དེ་འདོན་སྤེལ་བྱེད་དགོས་པ་དང་། སྔར་ལས་ལྷག་པར་མིག་སྔར་གྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་མཐུན་སྦྱོར་གྱི་ངང་ཚུལ་ཡག་པོ་གཙིགས་འཛིན་བྱས་ནས། དགོན་པ་ལ་བདེ་འཇགས་འཆམ་མཐུན་དང་། རྒྱལ་སྲུང་དམངས་ཕན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་རུ་འཛུགས་སྐྲུན་བྱས་ནས། གཡག་རྭ་ཤང་གི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་ལེགས་སྐྱེས་འབུལ་དགོས་པའི་མངག་བཅོལ་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག