མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་དབུལ་ཕོངས་སློབ་མ64ལ་སློབ་རོགས་མ་དངུལ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-18 10:32

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་སྡེའི་སློབ་མ64དང་དབུལ་ཕོངས་སློབ་མར་སློབ་རོགས་མ་དངུལ་ཐོབ་པ་དང་།  ཤེས་གསལ་བྱུང་བ་ལྟར་ན།  སེམས་ཀྱི་ཉི་ཟླ་རྫོང་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་ཐུང་ཡུན་སྨན་རྫས་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོའི་སྨན་རྫས་ལས་རིགས་ཀུང་ཟི།  ཁུལ་དང་རྫོང་ཏང་ཨུ་ལ་རྫོང་འདིའི་སློབ་གྲྭ་ཆེན་མོ་རྒྱུགས་འཕྲོད་པའི་སློབ་མའི་དཀའ་ཁག་ཡར་ཞུ་བྱས་པས།  ཀུང་ཟི་གཉིས་དང་ཁུལ།  རྫོང་ཏང་ཨུས་ཞལ་འདེབས་མ་དངུལ་སྒོར་ཁྲི13.3ཧུར་བསྡུ་བྱས་ཤིང་། སློབ་མ་སོ་སོའི་དཀའ་ཁག་ལྟར།  སློབ་མ་རེར་སྒོར2000ནས་སྒོར3500རོགས་སྐྱོར་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག