མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཐང་གྲོང་རྡལ་གྱིས་དམངས་ཁྲོད་རིག་གནས་འགྲེམ་སྟོན་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-18 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་རྒྱལ་ཐང་གྲོང་རྡལ་རྒྱལ་ཐང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་རྒྱལ་ཐང་གྲོང་རྡལ་བགྲེས་པོ་མཐུན་ཚོགས་གཉིས་མཉམ་འབྲེལ་བྱས་ཏེ་བགྲེས་པོར་བརྩི་བཀུར་དང་བྱམས་སྐྱོང་།  རོགས་སྐྱོར་བྱེད་པ་ཞེས་བརྗོད་དོན་ཡིན་པའི་མི་རིགས་དམངས་ཁྲོད་ཀྱི་རིག་གནས་འགྲེམ་སྟོན་བྱ་འགུལ་སྤེལ།

 ཉེ་བའི་ལོ་འགའི་རིང་།  རྒྱལ་ཐང་གྲོང་རྡལ་གྱིས་བསམ་པའི་དཔལ་ཡོན་དང་ཀུན་སྤྱོད་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཧུར་ཐག་སྒོས་གྲོང་རྡལ་ཡོངས་ཀྱི་ཉིན་རེའི་འཕར་བཞིན་པའི་རིག་གནས་དགོས་མཁོ་བསྟུན་ཅི་ཐད་བྱས།  གྲོང་རྡལ་ཡོངས་ཀྱི་རིག་གནས་གསར་སྐྲུན་བྱེད་པ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བར་དམིགས་ནས།  སྡེ་བ་སོ་སོ་རུ་ཕུན་སུམ་ཚོགས་པའི་རིག་གནས་ལུས་པོ་སྦྱོང་བརྡར་བྱ་འགུལ་སྤེལ་བཞིན་ཡོད་པས། སྡེ་བ་སོ་སོའི་རིག་རྩལ་བྱ་འགུལ་ཡར་ངོས་ཟླ་ལྟར་འཕར་བཞིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག