མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ལས་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་པ་ཁྲི1.6ལ་སྐུལ་ཁྲིད་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:07

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་གོམ་གང་མདུན་སྤོས་ཀྱིས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལོ་ཧྲིལ་པོའི་མི་དམངས་གཏན་འཁེལ་བྱས་ཤིང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་ལ་བརྟེན་ནས་གཞི་རིམ་གྱི་ཞིང་ལས་ཚན་རྩལ་མི་སྣའི་ཕྱོགས་བསྡོམས་བྱང་ཚད་ཇེ་མཐོར་གཏོང་སྟེ། 2012ལོའི་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག་བཅོས་བསྒྱུར་དང་འཛུགས་བསྐྲུན་གྱི་གསབ་སྣོན་རྣམ་གྲངས་འགྲུབ་ཚར་བ་རེད།

གོ་རྟོགས་ལྟར་ན། དེ་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ལོ་ཐེངས་བཞི་པར་རྒྱལ་ཡོངས་ཀྱི་གཞི་རིམ་ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག་བཅོས་བསྒྱུར་དང་འཛུགས་བསྐྲུན་རྣམ་གྲངས་རྫོང་དུ་ཚུད་པ་ཡིན། རྣམ་གྲངས་དེ་2012ལོའི་ཟླ9པའི་ཚེ1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། 2013ལོའི་ཟླ9པའི་ཚེས20ཉིན་ལ་མཇུག་སྒྲིལབ་རེད།

རྣམ་གྲངས་ཀྱི་ལས་ཀ་ཡག་པོ་སྒྲུབ་ཆེད། སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་དཔོན་གྱིས་ཚོགས་གཙོ་བཞེས་པའི་འགོ་ཁྲིད་ཚོགས་ཆུང་འཛུགས་པ་དང་། རྫོང་དེའི་ཞིང་ལས་ཚན་རྩལ་ཅུས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པས་ཚོགས་གཙོ་བྱས་པའི་རྣམ་གྲངས་ཀྱི་ཆེད་མཁས་ལག་རྩལ་མཛུབ་སྟོན་ཚོགས་ཆུང་འཛུགས་ནས། རྫོང་ནང་དུ་ཆེད་མཁས་ཚོགས་ཆུང་ཡོད་པ་དང་། ཤང་ནང་དུ་ལག་རྩལ་མཛུབ་སྟོན་པ་ཡོད་པའི་ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་ལག་རྩལ་སྐོར་གྱི་རྒྱབ་སྐྱོར་བྱེད་ཤུགས་སུ་གྲུབ་པ་རེད། སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ལས་དང་། ཞིང་གྲོང་གི་དཔལ་འབྱོར་གནས་ཚུལ། ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་བཅས་ལ་གཞིགས་ནས། རྣམ་གྲངས་དེའི་ཁྲོད་ཀྱི་གཙོ་ཁྲིད་ཐོན་ལས་4དང་། གཙོ་ཁྲིད་སོན་སྣ17དང་གཙོ་གནད་ལག་རྩལ་17གཏན་འཁེལ་བྱས་པ་རེད།

རྣམ་གྲངས་དེ་ལག་བསྟར་བྱེད་པའི་ཁྲོད་དུ། སེམས་ཀྱི་ཉི་ཟླ་རྫོང་གིས་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས། རིག་གནས་ཆུ་ཚད་ངེས་ཅན་ཡོད་པ་དང་། འདེབས་གསོ་ཆུ་ཚད་ཅུང་མཐོ་བ། གསར་གཏོད་དང་སློབ་སྦྱོང་གི་འདོད་པ་ལྡན་པའི་ཞིང་དུད་800བདམས་ནས་ཚན་རྩལ་དཔེ་སྟོན་དུད་ཁར་བཀོད་པ། རྫོང་ཡོངས་ཀྱི་ཚན་རྩལ་པ་ལས་ལག་རྩལ་མཛུབ་སྟོན་པ་80བདམས་ནས་དཔེ་སྟོན་དུད་ཚང་དང་ཁ་སྤྲོད་བྱས་ནས་མཛུབ་སྟོན་བྱས་པ། དུས་མཚུངས་སུ་ཞིང་ལས་ཚན་རྩལ་པའི་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་ཡོད་དེ་སྔ་རྗེས་སུ་ལག་རྩལ་མཛུབ་སྟོན་པ་80འབོར་ཐེངས་དུ་མར་བགོས་ནས་རྒྱལ་ཁབ་ཀྱིས་ཁས་ལེན་པའི་ཞིང་ལས་ཀྱི་རབ་དང་རིམ་པའི་གསོ་སྐྱོང་རྟེན་གཞིར་ཕྱིན་ནས་གསོ་སྦྱོང་བྱས་པ་དང་། རྫོང་དང་ཤང་། གྲོང་པ་བཅས་རིམ་པ་གསུམ་གྱི་ཞིང་ལས་ཚན་རྩལ་གྱི་ཚོད་ལྟ་དང་དཔེ་སྟོན་དྲ་རྒྱ་འཛུགས་པ་བཅས་བྱ་ཐབས་དུ་མར་བརྟེན་ནས་ཞིང་ལས་ཚན་རྩལ་ཞབས་ཞུའི་ཚན་རྩལ་ཆུ་ཚོད་མཐོ་འདེབས་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག