མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་ཤོད་གྲོང་གིས་གླང་འཛིང་བྱ་འགུལ་སྤེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:07

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས5ཉིན། དུས་ཡུན་ཉིན་3རིང་གི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ཧྲིང་ཕིང་གྲོང་རྡལ་འཇོལ་ཤོད་གྲོང་གི་གླང་འཛིང་བྱ་འགུལ་དེ་འཇོལ་ཤོད་གྲོང་གི་དབུ་ནུབ་སྟེང་གྲོང་མི་ཚོ་ཆུང་དུ་སྤེལ་འགོ་བརྩམས་པ། ས་གནས་དེ་གའི་མང་ཚོགས་3000ལྷག་དང་ཡུལ་སྐོར་བས་སྦྲང་ཆར་ཟེགས་མའི་ཁྲོད་དུ་གྲ་སྒྲིག་འགྲན་བསྡུར་ལ་བལྟས་པ་རེད།

ཐེངས་འདིའི་གླང་འཛིང་བྱ་འགུལ་ནང་དུ་ཞུགས་པའི་མཛོ་44ནི་ཤ་ཤེད་རྒྱས་ཤིང་གཟུགས་སྟོབས་ཆེ་བ་ཤ་སྟག་ཡིན། རེས་འཁོར་གྱིས་འགྲན་བསྡུར་བྱས་ནས། འགྲན་བསྡུར་ཐེངས་གཉིས་ཕམ་ན་ཕྱིར་འབུད་པ་རེད། སྔོན་གྲས་ཀྱི་ཨང་15རུ་སླེབས་པས་ན་སོ་སོར་བྱ་དགའ་སྒོར་7000དང་། སྒོར་4000། སྒོར་2500བཅས་ཡོད། ཨང་དང་པོ་ཐོབ་ན་བྱ་དགའ་སྒོར་10000ཡོད། ཐེངས་དང་པོའི་འགྲན་བསྡུར་རུ་ཞུགས་པའི་གླང་གཉིས་པོས་ཆུ་ཚོད་ཕྱེད་རིང་གི་རྭ་འཛིང་བྱས་ནས་རྭ་རྩལ་མི་འདྲ་བ་རྔམ་པ། གླང་གིས་འཛིང་པ་དང་ལྟད་མོ་བས་འུར་སྒྲ་རྒྱག་ནས་འཛིང་རར་ཧ་ཅང་འཁྲུག་པོའི་སྣང་ཚུལ་ཞིག་མངོན་ཡོད།

གླང་འཛིང་གི་མཚོན་དོན་ནི་ལོ་ལེགས་པ་དང་རེ་བ་བཅོལ་བའི་དོན་དང་ལྡན་པས། ལོ་རེའི་སྟོན་ལས་འཇགས་རྗེས་ཀྱི་གླང་འཛིང་བྱ་འགུལ་ནི། ཞིང་པ་ཚོའི་ལྟད་མོ་ཡག་པོ་ཞིག་ཡིན་པ་མ་ཟད། ས་གནས་དེ་གའི་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་ཐུབ་ཅིང་། རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་པར་འགྱུར་པ་དང་། ཕྱི་ཕྱོགས་སུ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་འགྲེམ་སྟོན་བྱེད་ཐུབ་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག