མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་རྒན་པོ་རྣམས་ཀྱིས་དགའ་སྤྲོའི་ངང་དགུ་པའི་ཚེས་དགུའི་དུས་ཆེན་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:07

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལས་བྱེད་པ་རྒན་པོའི་ཅུས་ཀྱིས་རྒན་པོའི་བྱེད་སྒོ་ལྟེ་གནས་སུ་དགུ་པའི་ཚེས་དགུའི་དུས་ཆེན་དང་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་རྒན་པོའི་གླིང་ཁར་སྤྲོ་གསེང་གཏོང་བའི་བྱ་འགུལ་སྤེལ་ནས། རྒན་པོ190ཡིས་བྱེད་སྒོའི་ཁྲོད་དུ་དགའ་སྤྲོའི་ངང་དུས་ཆེན་བཏང་བ་རེད།

ཤེས་གསལ་བྱུང་དོན། ཐེངས་འདིའི་གླིང་ཁར་སྤྲོ་གསེང་གཏོང་བའི་བྱེད་སྒོས་རོལ་རྩེད་ཆུང་གྲས་གཙོ་བོར་བཟུང་ནས། རྒན་པོ་རྣམས་ཞུགས་ཐུབ་པའི་སྤོ་ལོ་བླུག་པ་ སོགས་ཀྱི་རོལ་རྩེད་བྱ་འགུལ་སྤེལ་བས་རྒན་པོ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།

བྱེད་སྒོའི་ཁྲོད་དུ། ལས་བྱེད་པ་རྒན་པོ་རྣམས་ཀྱིས་རོལ་རྩེད་བྱེད་སའི་ཁག་སོ་སོར་གྲལ་སྒྲིག་བྱས་ཤིང་རོལ་རྩེད་དུ་ཞུགས་ནས། བྱ་དགའི་དངུལ་འཛིན་བླངས་པ་དང་། ཚང་མས་དགའ་བའི་ངང་བྱེད་སྒོའི་དགའ་སྣང་ལོངས་སུ་སྤྱོད་པ་རེད།

ཁུལ་ལས་བྱེད་པ་རྒན་པོ་ཅུས་ཀྱི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་ཚུལ་ལྟར་ན།ཐེངས་འདིའི་བྱེད་སྒོས་ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་སྐྱོང་གི་སྔར་ཡོད་སྤྱོད་བཟང་དར་སྤེལ་བཏང་བ་དང་།རྒྱ་ཆེ་བའི་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་ཡོད་ལ།བྱེད་སྒོས་ལས་བྱེད་པ་རྣམས་ལ་སྤེལ་རེས་བྱེད་པའི་སྟེབས་བུ་ཞིག་བཙུགས་ཡོད་དེ།ཕན་ཚུན་བར་གྱི་སྤེལ་རེས་ལ་སྟབས་བདེ་སྤྲོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག