མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་སྐད་ཚག་ཤང་དུ་སླར་གསོ་བསྐྱར་སྐྲུན་ལས་ཀ་ལ་བརྟག་ཞིབ་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:07


བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་སེམས་ཀྱི་ཉི་ཟླ་རྫོང་སྐད་ཚག་ཤང་དམའ་ལུང་གྲོང་སྡེའི་ཚུར་ཁ་ཡུལ་མི་ཚོགས་ཆུང་དུ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུ་བཞིན་པ།(ཧོ་ཆི་ཀོང་གིས་པར་བླངས།)

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10ཚེས9ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་“8.28”དང་“8.31”ས་འགུལ་གྱི་གནོད་ཐེབས་ས་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྐད་ཚག་ཤང་དུ་སླར་གསོ་བསྐྱར་སྐྲུན་ལས་ཀར་བརྟག་ཞིབ་བྱས་པ་དང་གནོད་ཐེབས་མང་ཚོགས་ལ་བདེ་འདྲི་ཞུས།ཁོང་གིས་ནན་གྱིས་གསུང་དོན།ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་17པའི་དགོངས་དོན་ལག་བསྟར་ཏན་ཏིག་བྱེད་པ་དང་གོམ་གང་མདུན་སྤོས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ།མིག་སྔར་ལ་རྐང་འཛུགས་ནས།དངོས་ཐོག་བདེན་འཚོལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ།གནོད་ཐེབས་ས་ཁུལ་གྱི་སླར་གསོ་བསྐྱར་འཛུགས་ལས་ཀ་ཡག་པོ་སྒྲུབ་དགོས།

སྐད་ཚག་ཤང་དམའ་ལུང་གྲོང་སྡེའི་རླུང་ཤར་དང་ཚུར་ཁ་སོགས་གནོད་ཐེབས་ཡུལ་མིའི་བདེ་འཇགས་བཀོད་སྒྲིག་བྱེད་ཡུལ་དུ་ཡུལ་མི་ཚོས་སྡོད་ཁང་དུ་ཕྱིར་སྤོས་ཡོད་པ་དང་འཚོ་བ་གོ་རིམ་ལྡན་པོ་ཡིན་ལ།ཐོན་སྐྱེད་ཀྱི་བརྩོན་སེམས་ཧ་ཅང་མཐོ་པོ་ཡོད་པ་མཐོང་དུས།ཀྲང་ཏེང་ལིའང་གིས་དུས་རིམ་སྔོན་མའི་ལས་ཀར་ཚད་མཐོའི་གདེང་འཇོག་གནང་ཞིང་།ས་གནས་དེ་གའི་འགན་འཁུར་བ་དང་ལས་བྱེད་པ་ལ་མང་ཚོགས་ཀྱི་བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྡོད་ཁང་དུ་ཕྱིར་སྤོ་བའི་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་།མི་གཞི་རྩར་འཛིན་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ལ་ཡག་པོ་སྐྱོད་དགོས་ལ།སླར་གསོ་བསྐྱར་སྐྲུན་བྱེད་མཁན་གཙོ་བོ་ནི་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཡིན་ཞིང་།ངེས་པར་དུ་མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་དང་རྒུད་སྐྱོབ་སྲིད་ཇུས་འགྲེལ་བཤད་གསལ་པོ་རྒྱག་དགོས།གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་ཁག་ཐེག་ཡག་པོ་བྱེད་པ་དང་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་བྱེད་པར་ཁྲིད་སྟོན་བྱེད་པ་དང་སྐུལ་ལྕག་གཏོང་དགོས་ལ།མང་ཚོགས་འཁྲིད་ནས་ཐོན་སྐྱེད་རང་སྐྱོབ་བྱས་ཏེ།མང་ཚོགས་ཀྱི་ལྟོ་གོས་འཛོམ་རྒྱུ་ཁག་ཐེག་བྱེད་དགོས།

ཀྲང་ཏེང་ལིའང་གིས་བླང་བྱ་བཏོན་དོན།གོམ་གང་མདུན་སྤོས་ཀྱིས་བསམ་བློ་གཅིག་གྱུར་དང་།ཉམས་མྱོང་ཕྱོགས་བསྡོམས་བྱེད་རྒྱུ་དང་།མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་དང་བསྟུད་མར་དམག་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་སྟེ།ལས་ཀ་ཞིབ་ཚགས་སྒྲུབ་དགོས་ཤིང་།མིག་སྔར་ལ་རྐང་འཛུགས་ནས།དངོས་ཐོག་བདེན་འཚོལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ།ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་17པའི་ཐོག་བཏོན་པའི་སླར་གསོ་བསྐྱར་སྐྲུན་ལས་ཀ་དུས་ཐོག་ཏུ་ཡོངས་སུ་འགྲུབ་པར་ཁག་ཐེག་བྱེད་དགོས་པ་དང་།སང་ལོའི་ཏང་འཛུགས་དུས་ཆེན་གྱི་སྔོན་དུ་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་ཁྱོན་ཡོངས་ནས་འགྲུབ་ཐུབ་པ་བྱ་དགོས།

ཀྲང་ཏེང་ལིའང་གིས་བསྟན་དོན།གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་ཁྲོད་དུ།ཁུལ་དང་རྫོང་།ཤང་།གྲོང་སྡེ་བཅས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ལས་ཀ་ཏན་ཏིག་སྒྲུབ་པ་དང་།ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་17པའི་དགོངས་དོན་ལག་བསྟར་ཏན་ཏིག་བྱས་ཤིང་།དཀའ་ངལ་སེལ་ཐབས་བྱས་པ་དང་དངོས་སྒྲུབ་དངོས་གཉེར་བྱས་པར་བརྟེན།གནོད་ཐེབས་ས་ཁུལ་གྱི་གྲོང་མིའི་སེམས་བརྟན་པོ་ཡིན་པ་དང་སྤྱི་ཚོགས་འཆམ་མཐུན་ཡིན་ལ།གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཧུར་ཐག་རང་བཞིན་མཐོ་བའི་ལྷན་དུ།གོ་རིམ་ལྡན་པའི་ངང་སྡོད་ཁང་དུ་ཕྱིར་སྤོ་བཞིན་ཡོད་པ་རེད།གནོད་སྐྱོན་ཆེན་པོའི་སྔོག་འགོག་ཉམས་མྱོང་མེད་པའི་གནས་ཚུལ་འོག་མིག་སྔའི་གྲུབ་འབྲས་ཐོབ་པ་དེ།སེམས་ཀྱི་ཉི་ཟླ་རྫོང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས།སླར་གསོ་བསྐྱར་སྐྲུན་ལས་ཀའི་ཁྲོད་དུ་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་17པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པ་དང་།ལས་ཀའི་བྱེད་ཐབས་འཚམ་པོ་ཡིན་ལ།ནུས་ལྡན་དང་གོ་ཆོག་པོ་ཡིན་པར་མཚོན་ཡོད་དེ།གོང་རིམ་གྱི་ཡིད་ཚིམ་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་པ་རེད།ཐོབ་པའི་གྲུབ་འབྲས་དེ་ལ་ཁས་ལེན་དགོས་ལ།ཉམས་མྱོང་དེ་ཕྱོགས་བསྡོམས་བྱེད་པ་དང་ཁྱབ་གདལ་ཏུ་གཏོང་འོས་པ་རེད།

བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ།སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་གིས་བརྟག་ཞིབ་ཏུ་ཕེབས་རོགས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག