མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

《ཡུན་ནན་གྱི་བརྩེ་དུང》ཞེས་པའི་པར་སྐྲུན་ལས་བྱེད་ཚོ་ཆུང་འཇོལ་རྫོང་དུ་འབྱོར་ནས་ཁྱད་ལྡན་གྱི་ཐོན་ལས་དང་ཡུལ་ལྗོངས་ཕབ་ལེན་བཟོ་སྐྲུན་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:06

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། CCTVམཛེས་སྡུག་ལྡན་པའི་ཀྲུང་གོའི་རོལ་མོ་དང་གློག་བརྙན་རོལ་བའི《ཡུན་ནན་གྱི་བརྩེ་དུང་》གི་ཕབ་སྐྲུན་ལས་བྱེད་ཚོ་ཆུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དུ་འབྱོར་ནས་ཁྱད་ལྡན་གྱི་ཐོན་ལས་དང་མཛེས་ལྗོངས་ཕབ་སྐྲུན་བྱས་པ་རེད།

ཤེས་གསལ་བྱུང་དོན།ཕབ་སྐྲུན་ལས་བྱེད་ཚོ་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་ཁག11གི་ཡུལ་དངོས་སུ་ཕབ་སྐྲུན་བྱེད་རྒྱུ་ཡིན།རང་ཁུལ་ནས་སྨན་རི་གངས་རི་དང་།སུམ་རྩེན་གླིང་།ནགས་ཚལ་སྤྱི་གླིང་།མེ་ཏོག་ར་བ།རྩྭ་ཐང་།ནས་ཀྱི་བརྔ་བསྡུ་བྱེད་ཚུལ།འབྲོག་ཁུལ་སོགས་ཀྱི་ཡུལ་ལྗོངས་བདམས་ཡོད།

འཇོལ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་ཧུར་ཐག་ངང་ཕབ་སྐྲུན་ལས་བྱེད་ཚོ་ཆུང་གི་འབྲེལ་ཡོད་ལས་ཀ་མཐུན་སྦྱོར་བྱས་པ།“དེ་ནི་འཇོལ་རྫོང་མཐོ་སྒང་གི་སྐྱེ་ཁམས་ཞིང་ལས་དང་།ལྟ་སྐོར་ཞིང་ལས་ཕྱི་ལ་དྲིལ་བསྒྲགས་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཡིན་ཞིང་།འཇོལ་རྫོང་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་རྒྱ་ཆེ་རུ་མཚམས་སྦྱོར་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་པའི་རྐྱེན་གྱིས།ང་ཚོས་ངེ་པར་དུ་ཕབ་སྐྲུན་ལས་བྱེད་ཚོ་ཆུང་དང་མཉམ་ལས་ཡག་པོ་བྱེད་རྒྱུ་ཡིན།”ཅུས་ཀྲང་སྐར་མ་ཕུན་ཚོགས་ཀྱིས་དེ་ལྟར་བཤད་བྱུང་།ཁོང་གིས་ཐོག་མཐའ་བར་གསུམ་དུ་ཕབ་སྐྲུན་བྱེད་པའི་ཡུལ་དངོས་སུ་མཐུན་སྦྱོར་ལས་ཀ་སྒྲུབ་ཡོད་པ་རེད།

《ཡུན་ནན་གྱི་བརྩེ་དུང》དེ2014ལོའི་ཟླ་བ4རིང་ཕབ་སྐྲུན་ལས་ཀ་ཡོངས་སུ་འགྲུབ་རྒྱུ་ཡིན་ཞིང་།སྐབས་དེར་སླེབས་དུས་ལྟད་མོ་བསCCTVཡི་བརྙན་ལམ་ཐོག་བདེ་ཆེན་གྱི་ཡུལ་ལྗོངས་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ལ་ལྟ་ཐུབ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག