མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་རྣམ་གྲངས་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ  2013-10-17 10:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྣམ་གྲངས་ཀྱིས་ས་ཆ་བསྡུ་ལེན་བྱེད་པའི་ལས་ཀ་སྒྲུབ་པ། རྣམ་གྲངས་དེ་ནི་ས་ཐང་ཡུས་ལུང་མ་རྐང་ཚད་ཡོད་ཀུང་སི་ཡིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་རེད། རྣམ་གྲངས་ལག་བསྟར་བྱས་ནས་ཅིན་ལུང་ཁྲོམ་ལམ་ས་ཁོངས་ལ་རྒྱལ་སྤྱིའི་སྐར5ཚད་ལྡན་ཅན་གྱི་མགྲོན་ཁང་ཞིག་དང་བོད་ཀྱི་རིག་གནས་ཉམས་ལེན་བྱེད་ཁུལ་ཞིག་འཛུགས་རྒྱུ་རེད།

ངོ་སྤྲོད་བྱས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རོགས་རམ་ཆེན་པོ་བྱས་པའི་འོག སེམས་ཀྱི་ཉི་ཟླ་རྫོང་གི་ཡུལ་སྐོར་ལས་རིགས་ཉིན་བཞིན་དར་སྤེལ་བཏང་ཞིང་། ལོ་རེར་ཡོང་བའི་ཡུལ་སྐོར་བ་ཡང་ཇེ་མང་དུ་གྱུར་ཡོད། རྡོ་མཁར་རྫོང་གིས་དམིགས་བསལ་ཅན་གྱི་རིག་གནས་གོང་སྤེལ་བཏང་བ་དང་སྲུང་སྐྱོང་བྱས་པའི་རྐྱེན་གྱིས། སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་ཁྱད་ཆོས་ལྡན་པའི་མི་རིགས་གོམས་སྲོལ་གནའ་གྲོང་དུ་གྱུར་ཞིང་།ས་ཁུལ་དེའི་ཡུལ་མིའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མཐོ་རུ་བཏང་བ་རེད། རྡོ་མཁར་རྫོང་གིས་གོང་སྤེལ་སྙོམས་པོར་གཏོང་བའི་ཆེད། 2011ལོར་སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་དང་ས་ཐང་ཡུས་ལུང་མ་རྐང་ཚད་ཡོད་ཀུང་སིས་ཟླ་བ་རྫོང་གི་གསར་གཏོད་རྣམ་གྲངས་དེ་གྲོས་གླེང་བྱས་པ་རེད།

རྣམ་གྲངས་དེ་ལ་སྐུལ་འདེད་གཏོང་བའི་ཆེད། རྫོང་དེས་ཟླ་བ་རྫོང་གི་རྣམ་གྲངས་ཀྱི་འགོ་ཁྲིད་ལས་བྱེད་ཚོ་ཆུང་དང་ས་ཆ་བསྡུ་ལེན། བཤིག་སྤོ། མཐུན་སྦྱོར་བྱེད་པའི་བཀོད་འདོམས་པུའུ་བཙུགས་ནས།ཧུར་ཐག་གིས་རྣམ་གྲངས་ཀྱི་དུས་སྐབས་སྔ་མའི་ལས་ཀ་ཡག་པོ་སྒྲུབ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག