མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གཞུང་ལམ་དོ་དམ་རུ་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:05

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན།《ཀྲུང་གུང་ཡུན་ནན་ཞིང་ཆེན་གཞུང་ལམ་དོ་དམ་སྤྱི་ཁྱབ་རུ་ཁག་གིས་བརྒྱུད་སྤྲོད་བྱས་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་པའི་དྲ་ཐོག་སློབ་སྦྱོང་དུ་ཞུགས་རྒྱུའི་ཡིག་ཆའི་བརྡ་ཐོ》ལ་གཞིགས་ནས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གཞུང་ལམ་དོ་དམ་རུ་ཆེན་གྱིས་ནན་ཏན་གྱིས་ལས་བྱེད་པ་དང་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་པ་རེད།

རུ་ཆེན་གྱི་ལས་བྱེད་པ་དང་ཏང་ཡོན4ཡིས་ཡུན་ནན་དྲ་བའི་ཏང་འཛུགས་དྲ་བར་ཐོ་འགོད་བྱས་ནས་དྲ་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་། ཏང་གི་སྒྲིག་ཡིག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་བཅས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་དང་སྔ་མའི་སྤྱོད་བཟང་སློབ་སྦྱོང་བྱས་པ།ཞིང་ཆེན་ཐེངས་དགུ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་དང་ཞིང་ཨུའི་འགོ་ཁྲིད་ཀྱི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་རེད།

དེའི་ཁྲོད་དུ། རུ་ཆེན་གྱི་ལས་བྱེད་པ་དང་ཏང་ཡོན་གྱིས་གཏིང་ཟབ་ངང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་སྒོའི་འབྲེལ་ཡོད་བླང་བྱ་རྒྱུས་ལོན་བྱས་པ་དང་།སྤེལ་རེས་གྲོས་བསྡུར། ཕན་ཚུན་བློ་སྒོ་འབྱེད་ཅིང་།མཉམ་དུ་མཐོ་རུ་བཏང་སྟེ།མུ་མཐུད་དུ་སློབ་གསོ་ལག་བསྟར་དེ་གཏིང་ཟབ་ཏུ་བཏང་བ་རེད།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག