མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ལས་བྱེད་པ་དར་གཞོན34གསོ་སྦྱོང་ནང་ཞུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-17 10:05

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བདུན་པའི་ལས་བྱེད་པ་དར་གཞོན་གྱི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ། གསོ་སྦྱོང་བྱེད་ཡུན་ཟླ་བ2ཡིན་ཏེ། ཁྱོན་བསྡོམས་ལས་བྱེད་པ་དར་གཞོན34གསོ་སྦྱོང་དུ་ཞུགས་པ་རེད།

ལས་བྱེད་པ་དར་གཞོན་གྱི་གསོ་སྦྱོང་འཛིན་གྲྭ་འཛུགས་པའི་དམིགས་ཡུལ་ནི་ལས་བྱེད་པ་དར་གཞོན་གྱི་ལས་སྒྲུབ་ནུས་པ་དང་བྱང་ཚད་མཐོ་རུ་བཏང་སྟེ། བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་བ་དང་མཐུན་པའི་ལས་བྱེད་པ་དར་གཞོན་གྱི་དྲག་དཔུང་ཞིག་འཛུགས་རྒྱུ་དེ་ཡིན། གསོ་སྦྱོང་ནང་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ལས་བྱེད་པ་བཟང་པོའི”ཚད་གཞིའི་རིགས་པའི་གཞུང་ལུགས་རྒྱུས་ལོན་བྱེད་པ་དང་། ལས་བྱེད་པའི་གསར་གཏོད་ནུས་པ་དང་ལས་བྱེད་པའི་བསམ་བློ་སྒྱུར་བ། སྤྱོད་ཚུལ་ཡག་པོ་གསོ་སྐྱོང་བྱེད་པ། ཞབས་འདེགས་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་སོགས་འབུར་དུ་ཐོན་པ། མར་ཁེ་སིའི་རིང་ལུགས་ཀྱི་རྨང་གཞིའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སྐོར་གྱི་ཆེད་དོན་སློབ་ཁྲིད་དང་དབྱང་ཧྲན་ཀྲོའུ་རྟེན་གཞི་རུ་སློབ་སྦྱོང་བྱེད་པའི་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་དྲ་རྒྱའི་བདེ་འཇགས་དང་སེམས་ཁམས་བདེ་ཐང་སོགས་ཀྱི་སློབ་ཚན་ཡང་བཀོད་སྒྲིག་བྱས་ཡོད།

སློབ་སྦྱོང་གི་བར་སྐབས་སུ་ལས་བྱེད་པ་དར་གཞོན་རྣམས་ད་དུང་དམག་དོན་སྦྱོང་བརྡར་གྱི་བྱེད་སྒོར་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག