མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་གྱིས་བྱ་གཞག་ལས་ཁུངས་རིགས་བགར་བའི་བཅོས་བསྒྱུར་ལས་ཀ་སྒྲུབ་པ།

རྩོམ་པ་པོ། ཚེ་རིང་དོན་གྲུབ།  ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།  2013-10-16 15:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ9བའི་བར། ཡུན་ནན་ཞིང་ཨུའི་གཞུང་ལས་ཐིང་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས《ཡུན་ནན་ཞིང་ཆེན་གྱི་བྱ་གཞག་ལས་ཁུངས་རིགས་བགར་བའི་ལག་བསྟར་བསམ་འཆར།》དཔར་འགྲེམས་བྱས་ཤིང་། འཆར་འགོད་གཅིག་གྱུར་བྱེད་པ་དང་། རིམ་པ་བགར་ནས་རྩ་འཛུགས་བྱེད་པ། དོན་འཁྱོལ་བྱེད་པའི་བླང་བྱ་བཅས་ལ་གཞིགས་ནས། ཞིང་ཆེན་ཡོངས་ཀྱི་བྱ་གཞག་ལས་ཁུངས་རིགས་བགར་བའི་ལས་ཀ་དེ2013ལོའི་ལོ་མཇུག་ཏུ་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་རྒྱུ་རེད།

བྱ་གཞག་ལས་ཁུངས་རིགས་བགར་བའི་ལས་ཀ་ནི་རིགས་བགར་ཏེ་བྱ་གཞག་ལས་ཁུངས་བཅོས་བསྒྱུར་བྱེད་པའི་ནང་དོན་གལ་ཆེན་དང་གོ་རིམ་ཞིག་ཡིན། སྲིད་འཛིན་དང་བྱ་གཞག་སོ་སོར་བགར་བ་དང་། བྱ་གཞག་དང་ཁེ་ལས་སོ་སོར་བགར་བའི་བཅོས་བསྒྱུར་གྱི་བླང་བྱ་གཞིར་བཟུང་ནས། ཚན་རིག་ལྟར་ད་ཡོད་ཀྱི་བྱ་གཞག་ལས་ཁུངས་རིགས་བགར་ཏེ། བྱ་གཞག་ལས་ཁུངས་སོ་སོའི་འགན་ནུས་གཏན་འཁེལ་དང་རིགས་ཡང་དག་པར་བགར་བར་ཁག་ཐེག་བྱས། ད་ཡོད་ཀྱི་བྱ་གཞག་ལས་ཁུངས་དེ་སྲིད་འཛིན་འགན་ནུས་འགན་ལེན་བྱེད་པའི་བྱ་གཞག་ལས་ཁུངས(བསྡུས་མིང་ལ་སྲིད་འཛིན་རིགས་ཀྱི་བྱ་གཞག་ལས་ཁུངས་ཟེར།)དང་། ཐོན་སྐྱེད་ལས་གཉེར་བྱ་འགུལ་སྒྲུབ་པའི་བྱ་གཞག་ལས་ཁུངས།(བསྡུས་མིང་ལ་ཐོན་སྐྱེད་ལས་གཉེར་རིགས་ཀྱི་བྱ་གཞག་ལས་ཁུངས།) སྤྱི་ཕན་ཞབས་ཞུ་སྒྲུབ་པའི་བྱ་གཞག་ལས་ཁུངས(བསྡུས་མིང་ལ་སྤྱི་ཕན་རིགས་ཀྱི་བྱ་གཞག་ལས་ཁུངས)བཅས་རིགས་གསུམ་དུ་བགར་རྒྱུ་རེད། ལས་གནས་ཀྱི་འགན་འཁྲིའི་འོས་འགན་དང་། ཞབས་ཞུ་བྱ་ཡུལ། ཐོན་ཁུངས་སྒྲིག་སྦྱོར་གྱི་རྣམ་པ་སོགས་གནས་ཚུལ་གཞིར་བཟུང་ནས། སྤྱི་ཕན་རིགས་ཀྱི་བྱ་གཞག་ལས་ཁུངས་དེ་ཡང་སྤྱི་ཕན་རིགས་དང་པོ་དང་སྤྱི་ཕན་རིགས་གཉིས་པ་བཅས་སུ་ཞིབ་བགར་བྱེད་རྒྱུ་རེད།

རིགས་བགར་རྗེས། བྱ་གཞག་ལས་ཁུངས་ཀྱི་རིགས་དང་དབྱེ་བ་དེ་སྤྱི་ཚོགས་རྩོལ་ནུས་ཀྱི་འགྱུར་ལྡོག་ལྟར་འགུལ་རྣམ་ལེགས་སྒྲིག་བྱ་རྒྱུ་རེད། དེང་ཕྱིན། སྲིད་འཛིན་རིགས་ཀྱི་བྱ་གཞག་ལས་ཁུངས་དང་ཐོན་སྐྱེད་ལས་གཉེར་རིགས་ཀྱི་བྱ་གཞག་ལས་ཁུངས་གསར་འཛུགས་བྱེད་རྒྱུ་མིན་པ་དང་། སྤྱི་ཕན་རིགས་ཀྱི་བྱ་གཞག་ལས་ཁུངས་དེ་མུ་མཐུད་ནས་བྱ་གཞག་ལས་ཁུངས་ཀྱི་གྲལ་དུ་སོར་འཇོག་བྱ་རྒྱུ་རེད།

ཐེངས་འདིའི་བྱ་གཞག་ལས་ཁུངས་བཅོས་བསྒྱུར་ཁྲོད་ཀྱི་རིགས་བགར་བ་ནི། ཅི་ལྟར་བྱས་ན་བཅོས་བསྒྱུར་ལེགས་པར་སྤེལ་ཐུབ་པའི་ཕྱོགས་ལ་ཕན་པ་ཆེ་བ་དང་། སྤྱི་ཕན་བྱ་གཞག་ལས་ཁུངས་བདེ་ཐང་གིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཕན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བའི་དམིགས་འབེན་ལྟར། མུ་མཐུད་ནས་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཐུས་ཚང་དང་། སྤྱི་ཕན་ཐོན་ཁུངས་བཀོད་སྒྲིག་བྱེད་པ་ཇེ་ལེགས་སུ་གཏོང་བ། སྲིད་འཛིན་དང་བྱ་གཞག་སོ་སོར་བགར་བ་དང་། བྱ་གཞག་དང་ཁེ་ལས་སོ་སོར་བགར་ནས། ཚན་རིག་ལྟར་ལུགས་དང་མཐུན་པར་བྱ་གཞག་ལས་ཁུངས་ཀྱི་རིགས་དང་དབྱེ་བ་བགར་སར་དམིགས་ཏེ། ཕྱོགས་ཡོངས་ནས་བྱ་གཞག་ལས་ཁུངས་རིགས་བགར་རྗེས་ཀྱི་བཅོས་བསྒྱུར་ལས་ཀར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག