མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་བའི་ཆེད་ལས་མཉམ་ལས་ཁང226འཛུགས་སྐྲུན་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-14 10:19

ཀྲུང་གོའ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་མ་དངུལ་དང་རྣམ་གྲངས།  ལག་རྩལ་ཕྱོགས་ནས་རྒྱབ་སྐྱོར་དང་ཞབས་ཞུ་བསྒྲུབས་པའི་རྣམ་པ་སྤྱད་དེ།  ནུས་ཤུགས་ཡོད་དགུ་བཏོན་ནས་ཞིང་བའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་བྱེད་པར་སྐུལ་འདེད་བྱས།  མིག་སྔར།  རྫོང་ཡོངས་ནས་ཞིང་བའི་ཆེད་ལས་མཉམ་ལས་ཁང་བསྡོམས་པས226ཡོད། 

  ཉེ་བའི་ལོ་འགའི་རིང་།  སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་བའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པ་ནི་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་།  ཞིང་བའི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཡོད། 《སེམས་ཀྱི་ཉི་ཟླ་རྫོང་ཞིང་བའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་བྱེད་པའི་བསམ་འཆར 》གཏན་ཁེལ་བྱས་ཤིང་།  སྔ་གཞུག་ཏུ་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ་ནང་ལོགས་ས་ཁུལ་དུ་ཞིང་བའི་ཆེད་ལས་མཉམ་ལས་ཁང་སྒྲུབ་ཚུལ་དང་མཉམ་མྱོང་ལ་བརྟག་དཔྱད་བྱེད་པ་དང་།  དྲིལ་བསྒྲགས་ཕྱོགས་ནས་ཤུགས་སྣོན་བྱེད་པ།  མ་དངུལ་དང་ལག་རྩལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་པ་སོགས་མཉམ་ལས་ཁང་སོ་སོ་རུ་བགྲོད་ལམ་མང་བ་དང་མངའ་ཁོངས་མང་བ།  རིམ་པ་མང་པོའི་མཉམ་འབྲེལ་བྱེད་པ་སོགས་ལ་སྐུལ་འདེད་བྱས་པ་བརྒྱུད།  ཞིང་བ་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པར་མཐུན་རྐྱེན་སྐྲུན། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག