མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཚོགས་ཆེན་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-14 09:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10ཚེས7ཉིན་གྱི་ཕྱི་དྲོ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རངསྐྱོང་ཁུལ་གྱིས་ཁུལ་ཡོངས་ཡུལ་སྐོར་ལས་རིགས་ཀྱི་ཚོགས་ཆེན་འཚོགས་ཏེ།ཞིང་ཨུའི་ཧྲུའུ་ཅི་ཆིན་ཀོང་རོང་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་གྱི་འགོ་འཛིན་ལི་ཅི་ཧིང་།ཞིང་ཆེན་སྲིད་གཞུང་གི་ཆབ་སྲིད་བློ་འདོན་པ་ལིའུ་ཕིང་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།རང་ཁུལ་གྱི་ཡུལ་སྐོར་ཚོང་རར་གནས་པའི་འབུར་དུ་ཐོན་པའི་གནད་དོན་ལ་དབྱེ་ཞིབ་ཏན་ཏིག་བྱས་ཤིང་།གོམ་རིམ་འོག་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག ཞིང་ཆེན་ལས་དོན་ཚོ་ཆུང་གི་འགོ་འཛིན།ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི།ཀྲུའུ་རེན་ཏོན་ཡའོ་ཆིང་གིས་གསུང་དོན།ཡུལ་སྐོར་ཚོང་རའི་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྲོ་གསེང་གཏོང་མཁན་ལ་སེམས་བདེ་ཆོག་པའི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་རྒྱུ་དེ་མང་ཚོགས་ཀྱི་རེ་བ་ཡིན་ཞིང་སྨྱན་བྱད་ཀྱི་རེ་བ་ཡིན་ལ།འཕེལ་རྒྱས་ཀྱི་དགོས་མཁོའང་ཡིན།ཆེད་དོན་གྱི་སྒྲིག་བཅོས་ནན་ཏན་གྱིས་སྤེལ་དགོས་ཤིང་《ཡུལ་སྐོར་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས།ནུས་ཡོད་ཀྱི་བྱ་ཐབས་བཀོལ་ཏེ།ཡུལ་སྐོར་ཚོང་རའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་དང་མངོན་མེད་རྐྱེན་ངན་གཙང་བཤེར་རྒྱག་དགོས་པ་དང་།ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྩ་ལག་གཉིས་བཅོས་པའི་ཐབས་ཇུས་འཚོལ་ནས།སྡེ་ཁག་དང་ས་ཁོངས་ཀྱིས་བཅད་བཟུང་བྱས་པའི་གནས་ཚུལ་དེ་མེད་པར་བཟོ་བ་དང་།ཞིང་ཆེན་དང་ཁུལ(གྲོང་ཁྱེར)རྫོང་བཅས་རིམ་པ་གསུམ་གྱི་ཡུལ་སྐོར་ཁྲིམས་སྐྱོང་སྒྲིག་གཞིསདོ་དམ་ཉིས་བརྩེགས་བྱེད་པའི་ཐབས་ལམ་འཛུགས་པ་དང་།ས་ཚུགས་གཅིག་རྣམ་པའི་ཞུ་གཏུག་བདག་སྤྲོད་བྱེད་སྲོལ་འཛུགས་སྐྲུན་བྱེད་པ།ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཆོས་ཉིད་དང་མཐུན་པའི་ལེགས་བསྡུས་དང་ལས་ཆོད་མཐོ་བ།དོན་དངོས་སྒྲུབ་པའི་དོ་དམ་བྱེད་སྲོལ་དང་འཁོར་སྐྱོད་ལམ་ལུགས་འཛུགས་དགོས།ཡུལ་སྐོར་ལས་དོན་ཁང་སྟབས་ཆུང་བ་གཅིག་སྡུད་བྱས་ནས་སྟོབས་ཤུགས་ལྡན་ཞིང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ལྡན་པའི་ཡུལ་སྐོར་ལས་དོན་ཁང་དར་སྤེལ་གཏོང་དགོས།ཡུལ་སྐོར་བདག་གཉེར་མཁན་གྱི་དན་ཚིག་རིམ་པའི་གཏན་འབེབས་དང་ཡིད་རྟོན་ལྟ་སྐུལ།ལས་རིགས་ཀྱི་ཡིད་རྟོན་ཤོར་བར་ཉེས་ཆད་འགེལ་བའི་ལམ་ལུགས་བཙུགས་ནས།རིམ་དམའི་གོང་ཚད་ཀྱི་འགྲན་བསྡུར་ནས་སྤུས་ཚད་དང་དན་ཚིག་ལ་དོ་སྣང་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་ཞིང་།དཔལ་འབྱོར་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་གཅིག་གྱུར་ཡོང་རྒྱུ་མངོན་དུ་འགྱུར་བ་བྱེད་དགོས།ཡུལ་སྐོར་སྣེ་ཤན་པའི་ལམ་ལུགས་བསྒྱུར་བཅོས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པ་དང་།སྔར་ལས་ལྷག་པར་ཡུལ་སྐོར་སྣེ་ཤན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་སྣེ་ཤན་པའི་ལས་རིགས་ཀྱི་ཁོངས་སུ་ཞུགས་པ་དང་ལས་རིགས་ཀྱི་ཁོངས་ནས་ཕྱིར་འཐེན་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།དགེ་མཚན་ལྡན་པའི་ངང་ཡུལ་སྐོར་སྣེ་ཤན་ཀུང་སི་དང་ཡུལ་སྐོར་ཞབས་འདེགས་ལྟེ་གནས་སོགས་ཡུལ་སྐོར་སྣེ་ཤན་དོ་དམ་ཞབས་འདེགས་ཀྱི་དཔེ་དབྱིབས་གསར་པ་འཛུགས་པ་དང་།ཡུལ་སྐོར་སྣེ་ཤན་པ་འགའི་གཏན་འཇགས་གླ་ཕོགས་མེད་པ་དང་གཞི་རྩའི་ཉེན་སྲུང་མེད་པའི་གནས་ཚུལ་ཐག་གཅོད་གང་ཐུབ་བྱས་པ་དང་།ཡུལ་སྐོར་སྣེ་ཤན་གྱི་འགན་སྲུང་བྱེད་སྲོལ་རིམ་གྱིས་ལེགས་སུ་བཏང་ནས།ཡུལ་སྐོར་སྣེ་ཤན་པའི་སེམས་འཁྲལ་མེད་པར་བཟོ་དགོས།སྔར་ལས་ལྷག་པར་ཡུལ་སྐོར་ལས་རིགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་ལས་རིགས་ཀྱི་ཀུན་སྤྱོད་རྒྱུ་སྤུས་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས།ཡུལ་སྐོར་སྣེ་ཤན་གྱི་སྤྱི་ཡོངས་ཀྱི་རྒྱུ་སྤུས་མཐོ་རུ་གཏོང་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཚོགས་འདུའི་ཐོག་ནན་གྱིས་གསུང་དོན།ཉེ་བའི་ལོ་འགའི་རིང་ལ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་ཐོན་ལས་དེ་དམངས་འཚོའི་ལས་གྲྭ་དང་དམངས་ཕྱུག་ལས་གྲྭར་རྩིས་ནས་དམ་འཛིན་བྱས་པ་དང་གལ་ཆེའི་སྲོག་ཤིང་ཐོན་ལས་སུ་རྩིས་ནས་གསོ་སྐྱོང་བྱས་ཏེ།རྒྱབ་སྐྱོར་གྱི་སྲིད་ཇུས་བཟོས་པ་དང་ཡུལ་སྐོར་ཐོན་ཁུངས་ལེགས་བསྡུས་བྱས་པ།མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་རྨང་གཞིའི་འཛུགས་སྐྲུན་ལ་དམ་འཛིན་བྱས་པ།མཚམས་སྦྱོར་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བྱས་ནས།ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས།ཡུལ་སྐོར་ཐོན་ལས་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འཐེན་བྱེད་ནུས་ཉིན་བཞིན་ཇེ་ཆེར་སོང་བཞིན་ཡོད་དེ།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང།འཆམ་མཐུན་འཕེལ་རྒྱས།མཆོང་སྐྱོད་འཕེལ་རྒྱས་བཅས་ཡོང་བར་དགེ་མཚན་ལྡན་པའི་སྐུལ་འདེད་བྱེད་ནུས་ཐོན་ཡོད།

ཧོང་ཀྲེང་ཧུང་གིས་བསྟན་དོན།ཡུལ་སྐོར་ལས་རིགས་མགྱོ གས་མྱུར་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་ལྷན་དུ།དོ་དམ་ལམ་ལུགས་དང་བྱེད་སྲོལ་འཐུས་ཚང་མིན་པ་དང་།ཡུལ་སྐོར་ལས་རིགས་ཀྱི་དོ་དམ་རྗེས་ལུས་ཡིན་པ།ལས་ཞུགས་མི་སྣའི་རྒྱུ་སྤུས་རྗེས་ལུས་ཡིན་པ་སོགས་ཀྱི་གནད་དོན་མུ་མཐུད་དུ་མངོན་ཡོད།གོམ་རིམ་འོག་མར།ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་དང་མི་འདང་ས་ལ་བསམ་གཞིགས་ཡང་དག་བྱེད་དགོས་པ་དང་།མངོན་པའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་ཞིབ་འཇུག་ཏན་ཏིག་བྱེད་པ།《ཡུལ་སྐོར་བཅའ་ཁྲིམས》ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས།བྱ་ཐབས་ནུས་ལྡན་བཀོལ་ཏེ།ཇེ་མགྱོ གས་ཀྱིས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས།

ཧོང་ཀྲེང་ཧུང་གིས་བླང་བྱ་བཏོན་དོན།གོམ་རིམ་འོག་མར།ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ལ་ཁྱོན་ཡོངས་ཀྱིས་དག་ཐེར་དང་ལེགས་བཅོས་བྱེད་པ་དང་།བདེ་ཆེན་ཡུལ་སྐོར་ལས་རིགས་ཀྱི་བདེ་ཐང་དང་མགྱོ གས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ལ།《ཡུལ་སྐོར་བཅའ་ཁྲིམས》ལ་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ནས།ཡུལ་སྐོར་ལས་རིགས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་ཀ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་དགོས།ཁྱོན་ཡོངས་ནས་དག་ཐེར་དང་ལེགས་བཅོས་བྱས་པར་བརྒྱུད་ནས།ཡུལ་སྐོར་ཞབས་འདེགས་ཀྱི་སྤུས་ཚད་ཏན་ཏིག་གིས་མཐོ་རུ་གཏོང་ཞིང་།ཡུལ་སྐོར་ལས་རིགས་ཀྱི་སྤུས་འཕར་ཕན་འཕར་དང་།ཐོན་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་རྒྱུ་དངོས་སུ་གྲུབ་པ།བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་གྲགས་ཅན་གྱི་རྣམ་པ་འཛུགས་ཏེ།ཤུགས་ཡོངས་འདོན་ནས་བདེ་ཆེན་ཡུལ་སྐོར་ལས་རིགས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས།མཆོང་སྐྱོད་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་།ཡུན་ནན་གྱིས་ཡུལ་སྐོར་གྱི་སྟབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།

ཚོགས་འདུ་དེ་ཁུལ་ཨུའི་རྒྱུན་ཨུ།ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་ཀྲང་ཀྲི་ཅུན་གྱིས་གཙོ་སྐྱོང་གནང་ཞིང་།གོམ་རིམ་རྗེས་མའི་ལས་ཀར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཧྥང་དང་།ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཆེན་ཨུ་རྒྱན་བསྟན་འཛིན་ཚོགས་འདུར་ཞུགས་པ་རེད།

ཁུལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོ་ཆུང་གི་ཁོངས་མིའི་སྡེ་ཁག་དང་སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།ཡུལ་སྐོར་ལས་དོན་ཁང་སོ་སོ།ལྗོངས་ཁུལ་བདག་གཉེར་སྡེ་ཁག་སོགས་ཀྱི་འགན་འཁུར་བ་དང་ཡུལ་སྐོར་སྣེ་ཤན་གྱི་འཐུས་མི་ཚོགས་འདུར་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག