མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་སྒོར་ཁྲི་600གཏོང་འཇོག་བྱས་ནས་ཆུ་ལོག་ལ་འགོག་བཅོས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-14 09:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཆུ་ལོག་སྔོན་འགོད་ས་ཚིགས་ནས་གོ་རྟོགས་བྱུང་དོན། བསྡོམས་ཏེ་མ་དངུལ་སྒོར་ཁྲི་600གཏོང་བའི་རྫོང་རིམ་པའི་དངོས་གཞི་མིན་པའི་ཆུ་ལོག་འགོག་བཅོས་རྣམ་གྲངས་དེ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། འབའ་ལུང་རྫོང་གི་ཆུ་ལོག་འགོག་བཅོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྨི་3320ལ་ཟིན་ཚིང། ཆུ་རྒྱུད་53དང་ཤང་དང་གྲོང་རྡལ་10 གྲོང་མི་ཨུ་ལྷན་52ཀྱི་གྲོང་མི་ཚོ་ཆུང་135ཡོད། བསྡོམས་ཏེ་མི་ཁྲི་5。86ལ་ཁྱབ་ཡོད། ཉེན་ཁ་ཆེ་བའི་རྒྱ་ཁྱོན་མི་སྤྱི་ལེ་གྲུ་བཞི་མ་སྨི་1940ཡོད་པ་དང་། ཆུ་རྒྱུད་53གྱི་ཤང་དང་གྲོང་རྡལ་10། གྲོང་མི་ཨུ་ལྷན་10དང་གྲོང་མི་ཚོ་ཆུང་121གི་མི་ཁྲི་4。78ལ་ཁྱབ་ཡོད།

ཨར་ལས་དེས་འགོག་བཅོས་ས་ཁུལ་གྱི་ཆུ་རྒྱུད་53ནང་དུ་ཆར་ཆུ་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་། རང་འགུལ་ཆར་ཆུ་ལྟ་ཞིབ་ཚད་ལེན་ས་ཚིགས་30 རང་འགུལ་ཆུ་གནས་ས་ཚིགས་5། སྟབས་བདེ་ཅན་གྱི་ཆར་ཆུ་ཚད་ལེན་ས་ཚིགས་121 སྟབས་བདེ་ཅན་གྱི་ཆུ་གནས་ས་ཚིགས་4 གློག་བརྙན་ལྟ་ཞིབ་ཚད་ལེན་ས་ཚིགས་2 གྲོང་མི་ཨུ་ལྷན་རིམ་པའི་སྐུད་མེད་སྔོན་བརྡ་རྒྱང་བསྒྲགས་ས་ཚིགས་30དང་མི་བཟོས་ཉེན་བརྡ་ས་ཚིགས་121འཛུགས་པ་རེད།

ད་སྔར། ཁུལ་རིམ་པའི་ཕྱི་ནང་ཀུན་གྱི་མཉེན་ཆས་འཛུགས་བསྐྲུན་ལ་ཤུགས་རྒྱག་ཡོད་དེ་སྟབས་བདེའི་ཆར་ཚད་ས་ཚིགས་121དང་། སྟབས་བདེའི་ཆུ་གནས་ས་ཚིགས་4ང་དེ་མིན་གཞན་གྱི་ས་ཚིགས་དག་གོ་རིམ་ལྡན་པའི་ངང་ནས་འཛུགས་བསྐྲུན་བྱེད་བཞིན་ཡོད།

གོ་རྟོགས་ལྟར་ན། མ་ལག་དེས་ཆར་འབབ་བརྒྱུད་རིམ་དང་ཆར་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པར་རག་ལས་ནས། མི་དམངས་མང་ཚོགས་ལ་མྱུར་དུ་ཉེན་ཁ་སྔོན་བརྡ་གཏོང་བ་དང་། བདེ་འཇགས་ངང་གནས་སྤོ་བར་ཁག་ཐེག་བྱས་ཤིང་། དུས་ཐོག་ཏུ་སྔོན་བརྡ་གཏོང་བ་དང་། ཆུ་ལོག་ལ་འགོག་བཅོས་གོ་ཆོད་བྱས་ནས་གྱོ ང་གུན་ཉུང་དུ་གཏོང་ཐུབ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག