མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་སྲིད་གཙང་ཡིག་ཆ་བཀྲམས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-14 09:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་སྲིད་གཙང་ཡིག་ཆ་བཀྲམས་པ་དང་། སྲིད་གཙང་བརྡ་འཕྲིན་གཏོང་བ། སྲིད་གཙང་གི་བསྒྲགས་ཡིག་གཏོང་བ་སོགས་རྣམ་པ་བརྒྱུད་ནས། འགོ་ཁྲིད་ལས་བྱེད་པར་སྲིད་གཙང་སྐོར་གྱི་ཡིག་ཆ་གནང་ནས། འགོ་ཁྲིད་ལས་བྱེད་པས་ནནཏན་གྱིས་ཀྲུང་དབྱང་གི་གཏན་འཁེལ་ཚན་པ་བརྒྱད་དང་། ཞིང་ཆེན་དང་ཁུལ། རྫོང་གི་འབྲེལ་ཡོད་ལས་ཀའི་བྱ་སྤྱོད་བསྒྱུར་ནས་མང་ཚོགས་དང་འབྲེལ་གཏུག་ཟབ་མོ་གནང་རྒྱུའི་འབྲེལ་ཡོད་གཏན་འཁེལ་ཐད་གསལ་འདེབས་བྱས་ཤིང་། མུ་མཐུད་ནས་རུལ་སུངས་འགོག་པ་དང་རང་འགུལ་གྱིས་ལས་འགན་སྒྲུབ་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ9བའི་ཚུན་དུ། འབའ་ལུང་རྫོང་གིས《དུས་ཆེན་གཉིས་ཀྱི་སྐབས་སུ་གཞུང་དངུལ་གྱིས་ལེགས་སྐྱེས་འབུལ་བའི་སྲོལ་ངན་ནན་འགོག་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམས་ཤིང་། ལས་ཁུངས་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོས་སྔོན་ནས་མིག་དཔེ་བཟང་བོ་བསྟན་ཏེ། རང་ཉིད་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣར་དོ་དམ་བཟང་བོ་བྱེད་དགོས་པ་དང་། ནན་ཏན་གྱིས་གཞུང་དངུལ་ལས་དུས་ཆེན་ལ་ལེགས་སྐྱེས་འབུལ་བ་དང་། གཞུང་དངུལ་ལས་ཟ་མ་ཟ་བ། གཞུང་འཁོར་སྒེར་སྤྱོད་སོགས་ཆུད་ཟོས་ཀྱི་སྣང་ཚུལ་བྱུང་བར་ནན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སྔར་ལས་ལྷག་པར་སྲོལ་བཟང་དར་སྤེལ་གཏོང་ཆེད། ཟླ9བའི་ཚེས27ཉིན།  རྫོང་དེའི་སྒྲིག་བཤེར་ལྟ་སྐུལ་ཅུས་ཀྱིས་རྫོང་ཡོངས་ཀྱི་ཏང་འཛུགས་ལག་ཁྱེར་ཁ་པར་གྱི་བརྡ་འཕྲིན་སྟེགས་བུ་བེད་སྤྱད་དེ།  དམིགས་བསལ་གྱི་རྣམ་པ་འདི་བརྒྱུད་ནས་རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པར་སྲིད་གཙང་སྐོར་གྱི་བརྡ་འཕྲིན་བསྐུར་བ་མ་ཟད།  གློག་རྡུལ་འཆར་ཤེལ་གྱི་ངོས་སུ་རྒྱལ་སྟོན་དུས་ཆེན་གྱི་སྲིད་གཙང་གསལ་འདེབས་བསྒྲགས་ཡིག་བྲིས་པ་དང་། འགོ་ཁྲིད་ལས་བྱེད་པས་དཔལ་ཡོན་ལྡན་པའི་སྒོ་ནས་སྲིད་གཙང་སྲོལ་བཟང་ལ་བརྟེན་ཏེ་དུས་ཆེན་རོལ་བ་དང་།  བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་དབྱང་གི་གཏན་འཁེལ་ཚན་པ་བརྒྱད་ལག་ལེན་བྱེད་པ་དང་། ཆུད་ཟོས་གཏོང་བ་དང་།  གཞུང་དངུལ་གྱིས་ལེགས་སྐྱེས་འབུལ་བ།  གཞུང་དངུལ་ལས་ཟ་མ་ཟ་བ།  གཞུང་དངུལ་ལ་བརྟེན་ནས་ཡུལ་སྐོར་དུ་འགྲོ་བ། གཞུང་འཁོར་སྒེར་སྤྱོད་སོགས་ནན་འགོག་བྱས་ཏེ།  རྣམ་པ་བཟང་ཞིང་དཔལ་ཡོན་ལྡན་པའི་དུས་ཆེན་ཞིག་རོལ་དགོས་པའི་སློབ་གསོ་བཏང་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག