མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཁོར་ཡུག་གཙང་སྦྲ་པས་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ནང་ལོགས་ཁྱི་ཁོར་ཡུག་གཙང་སྦྲ་ཡག་པོ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-11 10:48

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་ཁོར་ཡུག་གཙང་སྦྲ་པ་268ཡིས་ལས་གནས་བརྟན་སྲུང་བྱས་ནས་འགྲུལ་པ་དང་གྲོང་མིར་དྭངས་སངས་ཀྱི་ཁོར་ཡུག་བསྐྲུན་པ་རེད།

གསར་འགོད་པ་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་ཡོང་སྐབས། ཁོར་ཡུག་གཙང་སྦྲ་པ་ཝང་ལི་ལྷ་ཧྥེང་གིས་ནན་ཏན་གྱིས་རང་གིས་འགན་འཁུར་བའི་ས་གནས་སུ་ཕྱགས་བདར་བྱེད་བཞིན་ཟེར་དོན། སྔ་དྲོར་རིང་ཚད་སྨི་200ལྷག་ཡོད་པའི་སྲང་ལམ་དེར་ཕྱགས་བདར་ཐེངས་10ལྷག་བྱས་ཚར། རྒྱལ་སྟོན་དུས་ཆེན་སྐབས་སུ། གནའ་གྲོང་དུ་ཡོང་མཁན་མང་བས་ཕྱགས་བདར་གྱི་ལས་འགན་དེ་སྔར་ལས་གལ་ཆེ།

ཅིན་ལུང་སྡེ་ཁུལ་དུ་བསྡོད་པའི་ཡུས་ཞའོ་མའེ་ཡིས་ཟེར་དོན། ཁོར་ཡུག་གཙང་སྦྲ་པ་བྱས་ནས་ལོ་6འགོར་ཚར། ལོ་རེར་དུས་ཆེན་སྐབས་སླེབས་དུས། གསར་འགོད་པས་མོར་དཀའ་ངལ་ཨེ་འདུག་དྲིས་། མོས་དཀའ་ངལ་ཡོད་རྒྱུར་ཅི་སྐྲག་ཏེ། དེ་ནི་ངའི་འོས་འགན་རེད་ཟེར།

གོ་རྟོགས་ལྟར་ན། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ནང་ལོགས་སུ། ཝང་ལི་ཧྥེང་དང་འདྲ་བའི་ཁོར་ཡུག་གཙང་སྦྲ་པ་268ཡོད་པ་ཚང་མས་རྒྱལ་སྟོན་དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱས་པ་རེད། ཁོང་ཚོས་སེམས་ཀྱི་ཉི་ཟླའི་སྲང་ལམ་ཆེ་ཆུང་གང་རུང་དུ་ཕྱིན་ནས་གྲོང་ཁྱེར་དེའི་དྭངས་གཙང་དང་མཛེས་སྡུག་གི་ཁོར་ཡུག་ལ་སྲུང་འཛིན་བྱས་ནས། གྲོང་མི་ཚོར་ལྷོད་བག་གི་གུང་གསེང་ཞིག་གཏོང་དུ་འཇུག་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག