མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་རིག་རྫས་སྲུང་སྐྱོང་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-11 10:47

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རིག་རྫས་ཀྱི་དོ་དམ་ལ་ཆེས་མཐོའི་མཐོང་ཆེན་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་རྫོང་གི་མངའ་ཁོངས་ནང་གི་རིམ་པ་སོ་སོའི་རིག་རྫས་སྲུང་སྐྱོང་སྡེ་ཁག་ལ་དོ་དམ་ཤུགས་ཆེར་བྱས་ཤིང་། ཧུར་ཐག་གིས་རིག་རྫས་སྲུང་སྐྱོང་གི“ནང་དུ་འཇུག་པ་ལྔའི”ལས་ཀ་ལག་བསྟར་བྱས་ནས་རིག་རྫས་དོ་དམ་ལས་ཀ་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད།

མིག་སྔར་གྱི་བར་དུ། སེམས་ཀྱི་ཉི་ཟླ་རྫོང་མངའ་ཁོངས་ནང་གི་རིམ་པ་སོ་སོའི་རིག་རྫས་སྲུང་སྐྱོང་ལས་ཁུངས་ནི་རྒྱལ་ཁབ་རིམ་པའི་རྩ་ཆེན་སྲུང་སྐྱོང་ལས་ཁུངས1དང་། ཞིང་ཆེན་རིམ་པའི་སྲུང་སྐྱོང་ལས་ཁུངས5 ཁུལ་རིམ་པའི་སྲུང་སྐྱོང་ལས་ཁུངས9 རྫོང་རིམ་པའི་སྲུང་སྐྱོང་ལས་ཁུངས26བཅས་ཡོད། རིག་རྫས་སྲུང་སྐྱོང་མིང་ཐོ་ལ་སྔ་མའི་རྣམ་གྲངས་སྲུང་སྐྱོང་ས་ཚིགས32ནས་ད་ལྟའི188དུ་འཕར་ཡོད།

རིག་རྫས་སྲུང་སྐྱོང་དང་དོ་དམ་ལ་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་དང་། གྲོང་གསེབ་དང་གྲོང་རྡལ་གྱི་འཛུགས་སྐྲུན་འཆར་གཞིའི་ཁྱབ་ཁུངས་སུ་འཇུག་པ། གཙོ་བོར་རྒྱལ་ཁབ་རིམ་པའི་རིག་རྫས་སྲུང་སྐྱོང་ལས་ཁུངས་ཏེ་ཤོག་པའི་སྤྱི་ཁང་དང་། ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་རྫོང་སྟེ་རྡོ་མཁར་རྫོང་དང་། ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོང་ལས་ཁུངས་ཏེ་དགའ་ལྡན་སུམ་རྩེན་གླིང་སོགས་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གྱི་འཆར་གཞིར་འཇུག་པ།

སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་ཀྱི་སྤུས་རྟགས་གྲགས་ཅན་གྱི་གོང་འཕེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་ཆེད། 2009ལོའི་ཟླ4པའི་ཚེས12ཉིན་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་སུམ་རྩེན་གླིང་ལྗོངས་ཁུལ་སྲུང་སྐྱོང་དང་གསར་གཏོད་འགན་འཁྲིའི་ཚད་ཡོད་ཀུང་སི་འཙུགས་ནས་སུམ་རྩེན་གླིང་ལྗོངས་ཁུལ་གྱི་འཛུགས་སྐྲུན་དང་། སྲུང་སྐྱོང་། ཚོང་གཉེར། དོ་དམ་སོགས་ཀྱི་ལས་འགན་འཁུར་བ་རེད།

སེམས་ཀྱི་ཉི་ཟླ་རྫོང་མངའ་ཁོངས་ནང་གི་རིག་རྫས་དང་ཁྱད་པར་དུ་རྡོ་མཁར་གནའ་གྲོང་དང་། ཤོག་པའི་སྤྱི་ཁང་། སུམ་རྩེན་གླིང་སོགས་རིམ་པ་ཁག་གི་རིག་རྫས་སྲུང་སྐྱོང་ལས་ཁུངས་སོགས་ཀྱིས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་སྤུས་རྟགས་གྲགས་ཅན་འཛུགས་པའི་འཐབ་ཇུས་ཁྲོད་དུ་ནུས་པ་གལ་ཆེན་འདོན་ཡོད་དེ། སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་དུ་གྱུར་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག