མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ས་འགུལ་ཐེབས་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ལོ་ཏོག་མྱུར་བསྡུ་དང་མྱུར་འདེབས་བྱས་པ།

རྩོམ་པ་པོ། ཡིག་བསྒྱུར། སྒྲོལ་མ་གཡང་མཚོ།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-10 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་བར་སྐབས་སུ།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དང་འཇོལ་རྫོང་གི་ས་འགུལ་ཐེབས་ཁུལ་ལ་ཏང་ཡོན་ལས་བྱེད་པ་དང་།མང་ཚོགས་ཀྱིས་ལོ་ཏོག་མྱུར་བསྡུ་དང་མྱུར་འདེབས་བྱས་པར་བྲེལ་བ།ཏང་ཡོན་ལས་བྱེད་པས་གུང་གསེང་འདོར་བ་དང་།འགའ་ཤས་ཀྱིས་ཕྱིར་གུང་གསེང་གཏོང་སོང་བའི་འཆར་གཞི་མེད་པ་བཟོ་བ་རེད།འོན་ཀྱང་ཁོ་ཚོས་བཤད་དོན།དེ་ནི་དམིགས་བསལ་གྱི་རིང་ཐང་ལྡན་པའི་རྒྱལ་སྟོན་དུས་ཆེན་ཞིག་ཡིན།མང་ཚོགས་སྣེ་ཁྲིད་བྱས་ནས་ཞིང་ཁར་མ་རྨོས་ལོ་ཏོག་བསྡུ་བཞིན་པའི་ཝུའུ་ཞི་ལུང་ཡུལ་མི་ཚོ་ཆུང་གི་ཏང་ཡོན་ཏཱ་ཝུའུ་ཡིས་བཤད་དོན།མི་མང་ཤོས་ཕྱིར་གུང་གསེང་བཏང་སོང་བའམ།ཕ་ཡུལ་དུ་ལོག་ནས་ཁྱིམ་མི་དང་དུས་ཆེན་གཏོང་སོང་ཡོད།འོན་ཀྱང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དེ་དག་གིས་རང་ཡུལ་དུ་དུས་ཡུན་ཟླ1རིང་ལ་ང་ཚོ་དང་མཉམ་དུ་རས་གུར་དུ་བསྡད་པ་དང་།ང་ཚོའི་ཐོན་སྐྱེད་འཚོ་བ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀར་སེམས་ཁུར་བྱས་ཡོད།བདེ་སྐྱིད་གྲོང་སྡེའི་ཨུ་ཡོན་ལྷན་ཁང་གི་ཡོམ་འགོག་རྒུད་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་ནས།བཀོད་འདོམས་དཔོན་གཞོན་པ་ཏན་ཚུང་ཝུན་ཞོགས་པ་སྔ་མོར་ཡར་ལངས་ཏེ་ངོ་བཅར་ཡོང་བའི་གནོད་ཐེབས་མང་ཚོགས་ལ་སྣེ་ལེན་བྱས་ཞིང་།ཁོང་གིས“སྐབས་དེར་ང་ཚོས་རྨང་གཞིའི་སྒྲིག་ཆས་བསྐྱར་བཟོ་དང་གནོད་ཐེབས་ཁང་པའི་དཔྱད་དཔོག ཞིང་ལས་སྐྱེ་དངོས་དང་དཔལ་འབྱོར་ལོ་ཏོག་མྱུར་བསྡུའི་ལས་ཀ་བྱེད་ཡོད་ལ།རྒྱུན་མཐུད་ཀྱིས་ཉེན་ཡོད་ཁང་པ་བཤིག་བ་དང་གྱང་རོ་གཙང་སྒྲིག་བྱེད་པ།སླར་གསོ་བསྐྱར་སྐྲུན་ལས་ཀ་བཅས་བྱེད་རྒྱུ་ཡིན”ཞེས་བཤད་བྱུང་།

སྤང་སྟེང་ཡུལ་མི་ཚོ་ཆུང་གི་ཡུལ་མི་བློ་བཟང་བཀྲ་ཤིས་ཀྱིས“སྐབས་འདི་ནི་ལས་མི་དགོས་པའི་དུས་སྐབས་ཡིན་ཏེ།ཞིང་ལས་མང་བ་དང་།ཉེན་ཆེའི་ཁང་པ་བཤིག་བ་དང་སྡོད་ཁང་བཟོ་བའི་ལས་འགན་དེ་ལྗིད་རྫོབ་ཆེ་ཞིང་།ཏང་ཡོན་ལས་བྱེད་པས་རོགས་རམ་བྱས་པར་བརྟེན།ང་ཚོའི་དཀའ་ངལ་སེལ་བའི་སྟོབས་ཤུགས་ཇེ་ཆེ་རུ་གཏོང་ཡོད”ཅེས་བཤད་བྱུང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག