མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བྱམས་བརྩེའི་སློབ་ཞུགས་རོགས་དངུལ་གྱིས་དབུལ་ཕོངས་སློབ་མ230ལ་ཁེ་ཕན་ཐོབ་པ།

རྩོམ་པ་པོ། ཡིག་བསྒྱུར། སྒྲོལ་མ་གཡང་མཚོ།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-10 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་།གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས་ཧུར་ཐག་ངང་སློབ་མ་དབུལ་པོར་དངུལ་གྱི་ཞལ་འདེབས་ཕུལ་ནས་སློབ་ཞུགས་རོགས་རམ་བྱས་ཏེ།གྲུབ་འབྲས་ལེགས་པོ་ཐོབ་པ།མིག་སྔའི་བར།བྱམས་བརྩེའི་སློབ་ཞུགས་རོགས་དངུལ་སྒོར་ཁྲི52གྲབས་གསོག་བྱས་ནས།སློབ་མ་དབུལ་པོ230ལ་ཁེ་ཕན་ཐོབ་པ་རེད།

ཤེས་གསལ་བྱུང་དོན།གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས་ཟུང་འབྲེལ་བྱས་པའི་སློབ་ཞུགས་རོགས་དངུལ་ཕུལ་བའི་སྡེ་ཁག་དང་ཁེ་ལས8ཡོད་དེ།མ་དངུལ་སྒོར་ཁྲི25གྲབས་གསོག་བྱས་པ།སྦྱངས་འབྲས་ལེགས་པ་དང་ཕ་མ་གཅིག་རང་ལས་མེད་པའི་ཁྱིམ་ཚང་ངམ་གྲོང་ཁྱེར་དམའ་སྲུང་ཁྱིམ་ཚང་གི་སློབ་ཆེན(དངོས་གཞིའི་ཚན་ཁག་གི་རིམ་པ་གཉིས་པ་ཡན)གྱི་སློབ་མ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ230ལ་སློབ་ཞུགས་རོགས་དངུལ་སྤྲད་པ།དེའི་ནང་ཙི་ཡོན་སེམས་ཀྱི་ཉི་ཟླ་ས་ཁང་ཐོན་ལས་གསར་གཏོད་འགན་འཁྲི་ཚད་ཡོད་ཀུང་སི་ཡིས་མ་དངུལ་སྒོར་ཁྲི8ཕུལ་ནས།སློབ་མ42ལ་ཁེ་ཕན་ཐོབ་པ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་གྲྭ་ཀུང་སིས་མ་དངུལ་སྒོར་ཁྲི6ཕུལ་ནས།སློབ་མ20ལ་ཁེ་ཕན་ཐོབ་པ།བདེ་ཆེན་ཁུལ་དམངས་སྲིད་ཅུས་ཀྱིས་མ་དངུལ་སྒོར་ཁྲི10ཕུལ་ནས།སློབ་མ100ལ་ཁེ་ཕན་ཐོབ་པ།རྨི་ལམ་གསེད་འགྲོལ་གྱི་བྱ་སྤྱོད “མོ་ཨེར་ཞིང་གྲོང་སྤྱི་ཕན་མ་དངུལ”གྱིས་སྒོར་ཁྲི2ཕུལ་ནས།སློབ་མ5ལ་ཁེ་ཕན་ཐོབ་པ།ཁུན་མིང་ཧྲོང་ཁྲི་ཚོང་ཟོག་འགན་འཁྲི་ཚད་ཡོད་ཀུང་སིའི“ཡུང་ཁྲུན་བྱམས་བརྩེའི་སློབ་ཞུགས་རོགས་དངུལ”སྒོར་ཁྲི3ཕུལ་ནས།སློབ་མ15ལ་ཁེ་ཕན་ཐོབ་པ།འབའ་ལུང་ཞིན་ཏཱ་གཏེར་ལས་ཚད་ཡོད་ཀུང་སི་ཁྲང་ཕུའུ་ཐང་ལྕགས་གཏེར་གྱིས་མ་དངུལ་སྒོར་ཁྲི3ཕུལ་ནས།སློབ་མ8ལ་ཁེ་ཕན་ཐོབ་པ།ཀུའེ་ཀྲུའོ་ཞི་ཆང་མའོ་ཐའེ་ཡིས་མ་དངུལ་སྒོར་ཁྲི5ཕུལ་ནས།སློབ་མ10ལ་ཁེ་ཕན་ཐོབ་པ།རྒྱལ་ཆང་མའོ་ཐའེ་ཡིས་མ་དངུལ་སྒོར་ཁྲི15ཕུལ་ནས།སློབ་མ30ལ་ཁེ་ཕན་ཐོབ་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག