མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དང་རྫོང་མི་དམངས་འཐུས་མིས་སྐྱེ་ཁམས་ཡུལ་མི་གནས་སྤོའི་ཨར་ལས་འཛུགས་སྐྲུན་ལ་ལྟ་ཞིབ་བྱས་པ།

རྩོམ་པ་པོ། ཡིག་བསྒྱུར། ཚུལ་ཁྲིམས།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-10 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་རྫོང་མི་དམངས་འཐུས་མི་འགས་འཇོལ་རྫོང་གི་སྐྱེ་ཁམས་ཡུལ་མི་གནས་སྤོའི་ཨར་ལས་རྣམ་གྲངས་ཀྱི་འཛུགས་བསྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།

ལྟ་ཞིབ་ཚོགས་ཆུང་གིས་ཀོང་རྩེད་ར་གྲོང་རྡལ་ལྕོག་སྐྱ་སྐྱེ་ཁམས་ཡུལ་མི་གནས་སྤོའི་ས་ཚིགས་དང་། ཐང་སྟེང་ཤང་མདོ་ལ་སྐྱེ་ཁམས་ཡུལ་མི་གནས་སྤོ་བྱེད་ཡུལ། ཡུན་ལིང་ཤང་ཤང་ལང་སྒང་སྐྱེ་ཁམས་གནས་སྤོ་བྱེད་ཡུལ་དུ་ཕྱིན་ནས་ལྟ་ཞིབ་བྱས་ཏེ། གནས་སྤོ་བྱེད་ཡུལ་སོ་སོའི་རྣམ་གྲངས་ཀྱི་བཀོད་འདོམས་པུའུ་ཡི་འགན་ཁུར་མི་སྣས་ཨར་ལས་རྒྱག་ཚུལ་དང་ཨར་ལས་རྒྱག་སྐབས་འཕྲད་པའི་གནད་དོན་དང་དཀའ་ངལ་ངོ་སྤྲོད་བྱས་མཐར། ལྟ་ཞིབ་ཚོགས་པས་འཇོལ་རྫོང་གི་སྐྱེ་ཁམས་ཡུལ་མི་གནས་སྤོའི་ལས་ཀར་གདེང་འཇོག་བྱས་པ་དང་ཆབས་གཅིག དེང་ཕྱིན་གྱི་ལས་ཀར་བསམ་འཆར་དང་རེ་བ་རབ་དང་རིམ་པ་ཞིག་འདོན་པ་རེད།

གོ་རྟོགས་ལྟར་ན། ཡུན་ལིང་ཤང་ཤང་ལང་སྒང་གི་རྡོ་རུད་རྐྱེན་པས་གནས་སྤོ་དགོས་པའི་རྣམ་གྲངས་ཀྱི་གནས་སྤོ་བྱེད་ཡུལ་ནི་ལྕང་ན་སྟེང་གྲོང་མི་ཚོ་ཆུང་དུ་ཡིན། འཆར་གཞི་ལྟར་ན་དུད་ཁ44དང་མི247སྤོ་རྩིས་ཡོད་ལ། ད་སྔའི་བར་དུ་ཕྱོགས་ཡོངས་ནས་གློག་དང་། གཞུང་ལམ། བཏུང་ཆུ་བཅས་འདྲེན་ཚར་ལ་སྡོད་ཁང44དང་རིག་གནས་བྱ་འགུལ་སྤེལ་ཡུལ་གྱི་ཁང་པའི་འཛུགས་བསྐྲུན་ལས་འགན་བསྒྲུབས་ཚར་ནས། སྡོད་ཁང་གི་གྱང་ངོས་ལ་དཀར་རྩི་བྱུགས་ཚར་ཞིང་བཙོག་ཆུ་འདྲེན་བྱེད་ཀྱི་ཆུ་སྦུབས་སོགས་ཟུར་གཏོགས་ཨར་ལས་དག་ཀྱང་བསྒྲུབས་ཚར། ད་སྔར་སྡོད་ཁང་ནང་དུ་མཛེས་སྤྲས་བྱེད་པ་དང་ལམ་ངོས་སྲར་གཏོང་བྱེད་བཞིན་པ་ཡིན། ཐང་སྟེང་ཤང་མདོ་ལ་སྐྱེ་ཁམས་ཡུལ་མི་གནས་སྤོའི་ཕྱོགས་བསྡོམས་གསར་སྤེལ་རྣམ་གྲངས་ཀྱིས་དུད་ཁ48དང་མི199གྲོང་དེའི་གཡོན་ངོས་ཀྱི་ས་སྟོང་དུ་སྤོ་རྩིས་ཡོད། ད་སྔའི་བར་དུ་སྡོད་ཁང17འཛུགས་སྐྲུན་བྱས་ཚར་བ་རེད། ས་ངོགས་སྤྱི་ལེ་གྲུ་བཞི་མ65000བརྐོས་ཚར་ལ། སྤྱི་ལེ་གྲུ་བཞི་མ52000བསྐངས་ཚར། གྱང་སྤྱི་ལེ་གྲུ་བཞི་མ9500བརྩེགས་ཚར་ལ། གཞུང་ལམ་སྨི1200བརྐོས་ཚར། ཀོང་རྩེད་ར་གྲོང་རྡལ་གྱི་ལྕོག་སྐྱ་ཕྱོགས་བསྡོམས་གསར་སྤེལ་རྣམ་གྲངས་ཀྱིས་ལྕོག་སྐྱ་གྲོང་མི་ཚོ་ཆུང་གི་དུད་ཁ8དང་མི47 ཀོང་རྩེད་ར་གྲོང་རྡལ་གྱི་ཆ་རྐྱེན་ཞན་པའི་དུད་ཁ7ལྕོག་སྐྱ་གྲོང་པ་དང་ལྷན་དུ་ཀོང་རྩེད་ར་གྲོང་པའི་གླག་ཚང་གྲོང་མི་ཚོ་ཆུང་གི་ལོ་ཡག་ཐང་ཏུ་སྤོ་རྩིས་ཡོད། ད་སྔར་སྡོད་ཁང15འཛུགས་སྐྲུན་བྱས་ཚར་ལ་ས་ཞིང་སླར་གསོ་ཨར་ལས་བསྒྲུབས་ཚར་ཞིང་། གཞུང་ལམ་འགྲམ་གྱི་སྐོར་གྱང་དང་། ཞིང་ཆུ་དང་བཏུང་ཆུའི་དོ་དམ་ཨར་ལས་ལག་བསྟར་བྱེད་བཞིན་པ་ཡིན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག