མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་རྒྱལ་སྟོན་དུས་ཆེན་ལ་སྔོན་བསུ་ཞུ་བའི་རི་མོ་འགྲེམ་སྟོན་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཡིག་བསྒྱུར། ཚུལ་ཁྲིམས།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-09 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཡོན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཁུལ་རིག་གནས་ཁང་གིས་སྒྲུབ་འགན་འཁུར་བ། ཁུལ་ཡིག་གཟུགས་དང་རི་མོ་མཐུན་ཚོགས་ཀྱིས་སྒྲུབ་རོགས་བྱས་པའི་རྒྱལ་སྟོན་ལོ་འཁོར64ལ་སྔོན་བསུ་ཞུ་བའི་རི་མོ་འགྲེམ་སྟོན་བྱ་འགུལ་དེ་ཁུལ་རིག་གནས་ཁང་དུ་སྤེལ་བ། རིག་གནས་མ་ལག་གི་ལས་བཟོ1000ལྷག་དང་། ས་གནས་སུ་སྡོད་པའི་དམག་དཔུང་། དྲག་ཆས་མེ་གསོད་ཉེན་རྟོག་པ། གྲོང་ཁྱེར་ནང་ལོགས་ཀྱི་གྱི་སློབ་མ་ཆ་ཤས་འགྲེམ་སྟོན་བྱ་འགུལ་དུ་ཞུགས་པ་རེད།

ཐེངས་འདིའི་རི་མོ་འགྲེམ་སྟོན་བྱ་འགུལ་སྤེལ་དགོས་དོན་ནི་མང་ཚོགས་ཀྱི་རིག་གནས་འཛུགས་བསྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་ཞིང་། རི་མོ་དགེ་རྒན་དང་། རང་མོས་རི་མོ་བ་དང་རི་མོར་དགའ་ཞེན་ཅན་དག་མཐུན་སྒྲིལ་བྱས་ནས། ཕུལ་བྱུང་གི་རི་མོ་འབྲི་མཁན་ཁྱུ་ཞིག་གསོ་སྐྱོང་བྱ་བ་དང་། མི་རིགས་དང་དུས་རབས་ཀྱི་དོན་སྙིང་མཚོན་ཐུབ་པའི་རི་མོའི་བརྩམས་ཆོས་ཁག་ཅིག་འདོན་ཐུབ་པར་བརྩོན་ནས། རྒྱལ་ཡོངས་ཀྱི་སྐར་ཚོགས་རྟགས་ཅན་གྱི་བྱ་དགའི་དཔྱད་བསྡུར་བྱ་འགུལ་དུ་ཞུགས་ཆེད་དུ་གྲ་སྒྲིག་བྱས་པ་རེད།

གོ་རྟོགས་ལྟར་ན། ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་གྱིས་ཁུལ་ཡོངས་སུ་རི་མོའི་བརྩམས་ཆོས་84བསྡུས་པ་ལས་བརྩམས་ཆོས་54བདམས་ནས་འགྲེམ་སྟོན་བྱས་པ། འགྲེམ་སྟོན་བྱེད་པའི་མི་རོའི་ནང་དོན་ནི་བདེ་ཆེན་གྱི་ཡུལ་སྲོལ་གོམས་གཤིས་དང་། རང་བྱུང་མཛེས་ལྗོངས། བརྩེ་དུང་མཚོན་ལུགས་བཅས་ཡིན་པ་དང་། རང་ཁུལ་གྱི་རི་མོ་བ་རྒན་གཞོན་བར་གསུམ་གྱིས་གསར་གཏོད་ཀྱི་སྙིང་སྟོབས་མཚོན་པ་དང་། རང་ཁུལ་གྱི་རི་མོའི་བརྩམས་ཆོས་ཀྱི་ཆུ་ཚད་གསར་པ་དང་ཁྱད་ཆོས་གསར་པ་དག་མངོན་ཡོད་པ་རེད།

ཁུལ་རིག་གནས་ཁང་གི་འགན་ཁུར་བས་ཟེར་དོན། ཉེ་བའི་ལོ་འགར། རང་ཁུལ་དུ་རི་མོའི་སྐོར་གྱི་འཇོན་ཐང་ཅན་གང་མང་ཞིག་ཐོན་ཡོད་ལ། ཐེངས་འདིའི་འགྲེམ་སྟོན་བྱེད་པའི་བརྩམས་ཆོས་དག་ལས་རང་ཁུལ་གྱི་རི་མོའི་བརྩམས་ཆོས་ཀྱི་སྣ་མང་ཅན་དང་། སྤུས་ཀ་ཡག་པ། ཁྱད་ཆོས་མང་བ། འབྲི་ལུགས་ཚང་བ་བཅས་ཀྱི་ཁྱད་ཆོས་དག་མཐོང་ཐོབ་པ་རེད། བརྩམས་ཆོས་གང་མང་ཞིག་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་ཆུ་ཚད་དུ་སླེབས་ཡོད། ང་ཚོས་ད་དུང་ལོ3ནས5བར་འབད་བརྩོན་བྱས་མཐར། བརྩམས་ཆོས་གང་མང་ཞིག་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་དུ་མཚམས་སྦྱོར་བྱ་ཐུབ་པར་ཡིད་ཆེས་ཡོད་ཟེར། གོ་རྟོགས་ལྟར་ན། ཐེངས་འདིའི་རི་མོ་འགྲེམ་སྟོན་བྱ་འགུལ་ནི་རང་ཁུལ་གྱི་ལོ་རྒྱུས་ཐོག་གི་སྒྲུབ་འབྲས་ཆེས་ཡག་པ་དང་། ཆུ་ཚད་ཆེས་མཐོ་བ། འབྲི་ལུགས་ཚང་བ། ནང་ཞུགས་མི་གྲངས་ཆེས་མང་བ་ཞིག་ཡིན། འགྲེམ་སྟོན་དེ་ཟླ10པའི་ཚེས30བར་དུ་སྤེལ་རྒྱུ་ཡིན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག