མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མུ་མཐུད་ནས་ཇེ་མཐོར་ཕྱིན་པ།

རྩོམ་པ་པོ། ཡིག་བསྒྱུར། ཚེ་རིང་དོན་གྲུབ།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-09 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གངས་རི་དང་། མཚེའུ། རྩྭ་ཐང་། ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་བཅས་ནི་སེམས་ཀྱི་ཉི་ཟླའི་མཛེས་རྒྱན་དུ་སྣང་། རྒྱལ་སྟོན་དུས་ཆེན་སླེབས་དུས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཡོན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་སོ་སོར་ཐོན་པ་དང་། བདེ་ཆེན་ཁུལ་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ9བའི་ཚེས30ཉིན་ནས་ཟླ10བའི་ཚེས3ཉིན་བར། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི26.28སྣེ་ལེན་བྱས་ཡོད།

ཟླ10བའི་ཚེས3ཉིན། བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་སོ་སོར་ཡུལ་སྐོར་བྱེད་ཚད་མཐོ་ཤོས་སུ་སླེབས་པ་དང་། ཉིན་དེར། བདེ་ཆེན་གྱི་མངའ་ཁོངས་ནང་དུ་ཡུལ་སྐོར་བ་མི་ཁྲི8.51སྣེ་ལེན་བྱས་ཡོད་ཅིང་། ན་ནིང་གི་དུས་མཉམ་ལས25.7%འཕར་སྣོན་བྱུང་ཡོད། མགྲོན་ཁང་སོ་སོར་ཞག་སྡོད་བྱེད་ཚད89%ཡིན་པ་དང་། མི་ཁྲི4ལྷག་མགྲོན་ཁང་དུ་བསྡད་ཡོད་ལ། ཉིན་གཅིག་ལ་ཡུལ་སྐོར་བྱེད་མཁན་གྱི་ཡུལ་སྐོར་བ་མི་ཁྲི4.5ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་མི12344སྣེ་ལེན་བྱས་ཤིང་། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི8163སྣེ་ལེན་བྱས་ཡོད། སུམ་རྩེན་གླིང་གིས་ཡུལ་སྐོར་བ6520སྣེ་ལེན་བྱས་ཡོད་པ་དང་། ནགས་ཕག་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི1389སྣེ་ལེན་བྱས་ཡོད། ཟླ་སྔོན་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི933བཅས་སྣེ་ལེན་བྱས་ཡོད།

ད་ལོའི་རྒྱལ་སྟོན་དུས་ཆེན་ནི《ཡུལ་སྐོར་ཁྲིམས་སྲོལ》ལག་བསྟར་བྱས་རྗེས་རྒྱུགས་ཆེ་བའི་ཡུལ་སྐོར་གྱི་གཟའ་འཁོར་ཐོག་མ་ཡིན་ལ། ཡུལ་སྐོར་སྣེ་ལེན་ལས་ཀ་ལེགས་པར་སྒྲུབ་ཆེད། ཁུལ་ངལ་གསོའི་གཞུང་ལས་ཁང་དང་། ཡུལ་སྐོར་ངལ་གསོའི་འདྲི་རྟོག་མཐུན་སྦྱོར་ལྟེ་གནས། ཡུལ་སྐོར་ངལ་གསོའི་ཞུ་གཏུག་འཕྲལ་སྒྲུབ་ལྟེ་གནས་སོགས་ཀྱིས་ཆུ་ཚོད24རིང་ལས་རེས་འཁོར་ནས། ལྗོངས་ཁུལ་སོ་སོར་རྩ་འཛུགས་ནན་མོ་དང་། བཀོད་སྒྲིག་ཞིབ་ཚགས། འགན་འཁྲི་དོན་འཁྱོལ། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ཏེ། རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ངལ་གསོ་རྒྱུན་ལྡན་ངང་སྤེལ་ཐུབ་པར་འགན་སྲུང་བྱས་པ་རེད། དུས་ཆེན་གྱི་བར་སྐབས་སུ། ལྗོངས་ཁུལ་སོ་སོར་ཡུལ་སྐོར་བ་ནང་དུ་བསྐྱོད་ཚད་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཐེག་ཚད་ལས་བརྒལ་མེད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག