མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཏང་གི་ཚགས་པར་དང་དུས་དེབ་ཀྱི་མངག་ཉོ་དང་འགྲེམ་སྤེལ་ལས་ཀ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ།  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-09 10:28

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡོན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས2014ལོ་འཁོར་གྱི་ཏང་གི་ཚགས་པར་དང་དུས་དེབ་ཀྱི་མངག་ཉོ་དང་འགྲེམ་སྤེལ་ལས་ཀའི་ཚོགས་འདུ་འཚོགས་ཏེ། དུས་ཐོག་ཏུ2014ལོ་འཁོར་གྱི་ཏང་གི་ཚགས་པར་དང་དུས་དེབ་ཀྱི་མངག་ཉོ་ལས་ཀ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུས་བསྟན་དོན། ཏང་གི་ཚགས་པར་དང་དུས་དེབ་ནི་ཏང་དང་སྲིད་གཞུང་གི་བསམ་བློའི་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློ་དང་འདུ་ཤེས་གཅིག་བསྡུས་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། དྲིལ་བསྒྲགས་བསམ་བློ་ལས་ཀའི་གཡུལ་ས་གཙོ་བོ་དང་འཆང་བཟུང་གཙོ་བོ་ཡང་ཡིན། ཏང་གི་ཚགས་པར་དང་དུས་དེབ་ཀྱི་མངག་ཉོ་དང་འགྲེམ་སྤེལ་ལས་ཀ་ལ་ཆེས་མཐོའི་མཐོང་ཆེན་བྱེད་དེ། འདང་ངེས་ཀྱིས་ཏང་གི་ཚགས་པར་དང་དུས་དེབ་ཀྱི་གོ་ས་དང་ནུས་པ་ཤེས་རྟོགས་བྱེད་དགོས།

ཚོགས་འདུས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཏན་ཏིག་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“8.19”གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོན་བྱས་ནས། དུས་ཐོག་ཏུ་རང་ཁུལ་གྱི2014ལོ་འཁོར་གྱི་ཏང་གི་ཚགས་པར་དང་དུས་དེབ་ཀྱི་མངག་ཉོ་དང་འགྲེམ་སྤེལ་ལས་ཀ་འགོ་ཚུགས་དགོས། 《བདེ་ཆེན་ཉིན་རེའི་ཚགས་པར》ནི་བདེ་ཆེན་ཁུལ་གྱི་ཏང་གི་ཚགས་པར་གལ་ཆེན་ཞིག་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས《བདེ་ཆེན་ཉིན་རེའི་ཚགས་པར》གྱི་མངག་ཉོ་དང་འགྲེམ་སྤེལ་ལས་ཀ་ལ་མཐོང་ཆེན་བྱེད་དགོས། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཨུའི་ལྟ་ཞིབ་ཁང་གིས་ལྟ་ཞིབ་ཀྱི་ནུས་ཤུགས་ཇེ་ཆེར་བཏང་ནས2014ལོ་འཁོར་གྱི་ཏང་གི་ཚགས་པར་དང་དུས་དེབ་ཀྱི་མངག་ཉོ་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བར་འགན་སྲུང་བྱ་རྒྱུ་རེད།

ཚོགས་འདུའི་ཐོག ཁུལ་སྦྲག་སྲིད་ཁང་གི་འགན་འཁུར་མི་སྣས་ཏང་གི་ཚགས་པར་དང་དུས་དེབ་ཀྱི་འགྲེམ་སྤེལ་ལས་ཀར་དམིགས་ནས་སྐད་ཆ་བཤད་པ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་ཁུལ་ཨུའི་ཚབ་བྱས་ནས་རྫོང་སོ་སོ་དང་མཉམ་དུ2014ལོ་འཁོར་ཀྱི་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་དམིགས་འབེན་འགན་འཁྲིའི་ཡི་གེ་འཇོག་པ། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་རྫོང་གསུམ་དང་ཆུས་གཅིག་དང་མཉམ་དུ《བདེ་ཆེན་ཉིན་རེའི་ཚགས་པར》གྱི་མངག་ཉོའི་གན་རྒྱ་བཞག་པ།

ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་སྦྲག་སྲིད་ཁང་། རྫོང་གསུམ་དང་ཆུས་གཅིག ཡུན་ནན་ཉིན་རེའི་ཚགས་པར་ཀྱི་ཚགས་པར་ལས་རིགས་ཚོགས་ཁག་བདེ་ཆེན་དུ་བཅའ་སྡོད་བྱེད་པའི་གསར་འགོད་པའི་ས་ཚིགས། བདེ་ཆེན་ཉིན་རེའི་ཚགས་པར་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ཚོགས་འདུར་ཞུགས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག