མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྟག་རྩེ་རྫོང་གིས་བརྗོད་བྱ་ལ་མི་རིགས་མཐུན་སྒྲིལ་ཞེས་པའི་གཏམ་བཤད་འགྲན་བསྡུར་སྤེལ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-04 10:43

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གིས་བརྗོད་བྱ་ལ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་གཞི་ཀུན་ཏུ་བཞད་དེ། འཆམ་མཐུན་སྟག་རྩེ་མཉམ་འཛུགས་བྱེད་པའི་གཏམ་བཤད་འགྲན་བསྡུར་སྤེལ།

རྒྱུས་ལོན་པ་ལྟར་ན། འགྲན་བསྡུར་ནང་ཞུགས་པའི་འགྲན་རྩོད་པ24ནི་ཤང་དང་གྲོང་རྡལ། རྫོང་གཏོགས་ལས་ཁུངས་སོ་སོའི་ལས་བྱེད་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡིན། ཁོ་ཚོས་སྙན་པའི་གདངས་དང་བརྩེ་བའི་སེམས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་ལེགས་བྱས་རྗེས་དང་མི་སེམས་འགུག་པའི་གཏམ་རྒྱུད་གཏམ་བཤད་བྱས་པ་དང་། རང་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་ལ་རྒྱུས་ལོན་དང་ངོས་འཛིན་བྱས་པ་ཡང་རྒྱས་བཤད་བྱས། ཐེངས་འདིའི་བྱ་འགུལ་སྤེལ་པས་མི་རིགས་མཐུན་སྒྲིལ་ཟླ་བའི་སྣང་བརྙན་ཟབ་མོ་བསྐྲུན་ཞིང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཡང་བསྐྱར་མི་རིགས་མཐུན་སྒྲིལ་གྱི་རྒྱུས་ལོན་དང་ངོས་འཛིན་ཇེ་ཟབ་ཏུ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག