མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་འགུལ་གནོད་འཚེ་ཐེབས་མཁན་གྱི་དབང་བོ་སྐྱོན་ཅན་དུད་ཁྱིམ་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-03 11:14

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སེམས་ཀྱི་ཉི་ཟླ་རྫོང་ཉིས་ཉི་ཤར་ཤང་དང་བདེ་ཆེན་རྫོང་སྤངས་རྩི་རོང་གྲོང་རྡལ་དུ་སོང་ནས་ས་འགུལ་གནོད་འཚེ་ཐེབས་མཁན་གྱི་དཀའ་ངལ་ཆེ་བའི་དབང་བོ་སྐྱོན་ཅན་ལ་འཚམས་འདྲི་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ་ནས། གནོད་འཚེ་ཐེབས་མཁན་གྱི་དཀའ་ངལ་ཆེ་བའི་དབང་བོ་སྐྱོན་ཅན་གྱིས་ཁུལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་བདེ་ཞིང་སྐྱིད་པའི་རྒྱལ་སྟོན་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱས།

འཚམས་འདྲི་ཚན་ཆུང་གིས་གནོད་ཐེབས་རྗེས་ཀྱི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁོར་ཡུག་ལ་ཞིབ་མོ་བལྟས་པ་དང་། ཁོ་ཚོ་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་གནད་དོན་ལ་རྒྱུས་ལོན་བྱས་པ་དང་། ཁོ་ཚོའི་ལུས་ཕུང་བདེ་ཐང་གནས་ཚུལ་བཅས་ལ་ཞིབ་འདྲི་བྱས་པ་མ་ཟད། ད་དུང་དབང་བོ་སྐྱོན་ཅན་ལ་འཚམས་འདྲི་སྒོར་མོ་དང་འཚོ་བའི་ཡོ་བྱད་བྱིན་ནས། ཁོ་ཚོས་འབད་བརྩོན་རང་ཚུགས་དང་འཚོ་བར་ཡིད་ཆེས་བརྟན་པོ་བཅངས་དགོས་པའི་སྐུལ་མ་བཏང་། དེ་དང་མཉམ་དུ་ས་དེའི་ཏང་ཨུ་དང་སྲིད་གཞུང་གིས་གནོད་ཐེབས་དབང་བོ་སྐྱོན་ཅན་གྱི་འཇུགས་སྣང་ལ་སེམས་གསོ་བྱ་བར་ཤུགས་སྣོན་པ་དང་། གནོད་ཁུལ་དབང་བོ་སྐྱོན་ཅན་གྱི་ཉམས་ཉེན་དང་གནོད་འཚེ་གཡོལ་བ། གནོད་སེལ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གནོད་ཁུལ་དབང་བོ་སྐྱོན་ཅན་གྱི་ལུས་ཕུང་དང་ཚེ་སྲོག་བདེ་ཐང་ཐད་ཀྱི་སྔོན་དཔག་རང་བཞིན་གྱི་བྱ་བ་གང་ལེགས་སྒྲུབ་པའི་བླང་བྱ་བཏོན་པ་མ་ཟད། གནོད་འཚེ་ཐེབས་པའི་དབང་བོ་སྐྱོན་ཅན་གྱིས་ཁྱིམ་གཞི་གསར་སྐྲུན་བྱེད་པར་ཡིད་ཆེས་བཅངས་པ་དང་མ་འོངས་པའི་བདེ་སྐྱིད་འཚོ་བར་ཡིད་ཆེས་ཡོད་དགོས་པའི་སྐུལ་མ་བཏང་།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག