མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་རི་མོ་འགྲེམ་སྟོན་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-02 14:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ9བའི་ཚེས30ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུའུ་ཡིས་གཙོ་སྒྲུབ་མཛད་པ་དང་། བདེ་ཆེན་ཁུལ་རིག་གནས་ཁང་གིས་སྒྲུབ་འགན་ཁུར་བ། བདེ་ཆེན་ཁུལ་ཡིག་རྩལ་རི་མོ་བའི་མཐུན་ཚོགས་ཀྱིས་སྒྲུབ་རོགས་མཛད་པའི་བདེ་ཆེན་ཁུལ་གྱི་རི་མོ་འགྲེམ་སྟོན་བདེ་ཆེན་ཁུལ་རིག་གནས་ཁང་དུ་སྤེལ།  བདེ་ཆེན་ཁུལ་གྱི་རིག་གནས་སྡེ་ཁག་གི་ལས་བཟོ་བ་དང་།  བདེ་ཆེན་ཁུལ་དུ་སྡོད་པའི་དམག་དཔུང་།  དྲག་ཆས་ཉེན་རྟོག་མེ་འགོག་རུ་ཁག  བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་།  སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པ་དང་སློབ་འབྲིང་གསུམ་པའི་སློབ་མ་བཅས་བསྡོམས་པས་མི1000ལྷག་འགྲེམ་སྟོན་ལ་ཞུགས།  ཐེངས་འདིའི་རི་མོ་འགྲེམ་སྟོན་སྤྱི་ཟླ10བའི་ཚེས30ཉིན་བར་སྤེལ་རྒྱུ་རེད།    ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག