
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ64འཁོར་ལ་ཉེ་སྐབས། སྤྱི་ཟླ9བའི་ཚེས29ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་སྡོད་པའི་ལས་བྱེད་པ་དང་ལས་འཁྱེར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་ཚོ་དཀྱིལ་འཁོར་ཐང་ཆེན་དུ་འཛོམས་ཤིང་། གླུ་ལེན་གར་རྩེད་བྱས་ཏེ་རྒྱལ་སྟོན་དུས་ཆེན་བསུ་བ་བྱས། །