མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཆུ་ཤོག་གིས་ཤིང་ཆར་ཚབ་བྱེད་ན་ཡག་པོ་འདུག

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-01 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་མཐུན་ཚོགས་དང་སེམས་ཀྱི་ཉི་ཟླ་རྫོང་ནགས་ལས་ཅུས།སེམས་ཀྱི་ཉི་ཟླ་རྫོང་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་སྡེའི་ཤིང་ཁམས་སྟེང་ཡུལ་མི་ཚོ་ཆུང་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་དཔེ་སྟོན་རྣམ་གྲངས་ཁྱབ་སྤེལ་བཏང་།ཉིན་དེར།ལས་བྱེད་མི་སྣས་ཤིང་ཁམས་སྟེང་ཡུལ་མི་ཚོ་ཆུང་གི་དུད་ཚང་50ལ་སྨི་གྲུ་བཞི་མ4000ཡི་ཆུ་ཤོག་སྤྲད་དེ་སྟག་པ་དཀར་པོའི་ཤིང་སྡོང་གི་ཚབ་བྱས་པ་དང་།ད་དུང་ལས་ཡུལ་དངོས་སུ་ཆུ་ཤོག་སྒྲིག་སྦྱོར་བྱས་པ་རེད།

ཤིང་ཁམས་སྟེང་ཡུལ་མི་ཚོ་ཆུང་ནི་ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་དབུལ་སྐྱོར་འབྲེལ་གཏུག་བྱེད་ཡུལ་ཡིན།ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་འགན་ཁུར་བ་དང་ཆེད་ལས་མཁས་པ་དེར་སོང་ནས་ཞིབ་འཇུག་ཐེངས་མང་བྱས་ཤིང་།ཡུལ་མི་ཚོ་ཆུང་དེས་ཐང་ཞིང་གི་སྡོང་ཐུང་ནགས་ཚལ་དང་ཤིང་འཛུགས་ནགས་བཟོ་དང་བསྟུན་ཏེ།ཡུལ་ལྗོངས་མཛེས་པོར་བཟོ་བ་དང་།སྐྱེ་ཁམས་ཞིང་ལས་ཀྱི་གོང་སྤེལ་དང་གྲོང་སྡེའི་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་གྱི་གོང་སྤེལ་ཐབས་ལམ་དུ་སྐྱོད་པའི་བསམ་འཆར་བཏོན་པ་རེད།

2012ལོ་ནས་བཟུང་།ཤིང་ཁམས་སྟེང་ཡུལ་མི་ཚོ་ཆུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་བ་དང་ལོ་རེར་སྤེལ་བའི་ཤིང་འཛུགས་ནགས་བཟོ་དེ《གྲོང་སྲོལ་དམངས་སྡོམ》དུ་བྲིས་ནས།ཡུལ་མིས་སྡོང་ཐུང་ནགས་ཚལ་དང་གདོད་མའི་ནགས་ཚལ་གང་བྱུང་དུ་གཅོད་པར་གཏན་བཀག་བྱས།ལོ་འགའི་རིང་འབད་བརྩོན་བྱས་ནས་གྲོང་སྡེའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་ངང་ལེགས་སུ་བཏང་ཡོད་པ་རེད།

ཤིང་ཁམས་སྟེང་ཡུལ་མི་ཚོ་ཆུང་གིས་ལོ་རེར་སྟག་པ་དཀར་པོའི་ཤིང་སྡོང་སྨི་གྲུ་བཞི་མ4000སྤྱད་དེ་ཡུངས་ཤིང་གི་གདང་ཤིང་བཟོས་ཡོད་པའི་རྐྱེན་གྱིས།མཐའ་སྐོར་གྱི་ནགས་ཚལ་ལ་གནོད་སྐྱོན་ཆེ་ཙམ་བྱུང་ཡོད།ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་ཆུ་ཤོག་གིས་སྟག་པ་དཀར་པོའི་ཤིང་སྡོང་ཚབ་བྱས་པར་མ་དངུལ་གྱི་རོགས་སྐྱོར་བྱས་ནས།མང་ཚོགས་ཀྱི་ཐོན་སྐྱེད་དགོས་མཁོ་སྐོང་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཐུབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག