མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས“རྒྱལ་ཡོངས་བདེ་འཇགས་སྨན་སྤྱོད་ཟླ་བའི”དྲིལ་བསྒྲགས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-01 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་བཟའ་ཆས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་སྡེའི་ཚོང་ར་གསར་པའི་སྒོ་ཁར“དབྱིངས་ཞུགས་རང་བཞིན་ལྡན་པའི་སྨན་རྫས་གང་བྱུང་དུ་སྤྱོད་པར་སྔོན་འགོག་བྱེད་པ”དེ་བརྗོད་བྱ་གཙོ་བོར་བཟུང་བའི་གཅིག་བསྡུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

དྲིལ་བསྒྲགས་བྱེད་སྒོའི་ཐོག ཅུས་དེས“རྒྱལ་ཡོངས་བདེ་འཇགས་སྨན་སྤྱོད་ཟླ་བའི”གོ་སྐབས་བཟུང་ནས།བརྗོད་བྱ་གཙོ་བོ་ལ་དམིགས་ཏེ་རྫོང་སྨན་ཁང་དང་སྨན་བཅོས་ཀུང་སི་སོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སྒྲིག་འཛུགས་བྱས་པ་དང་།མི་རྒྱུན་འདུ་ཚོགས་བྱེད་སའི་གྲོང་སྡེའི་ཚོང་ར་རུ་ཡོངས་ཁྱབ་ཏུ་བདེ་འཇགས་སྨན་སྤྱོད་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།དངོས་རྫས་འགྲེམ་སྟོན་བྱེད་པའི་སྒོ་ནས་མང་ཚོགས་ཀྱིས་སྨན་རྫས་དང་ཀྲུང་ལུགས་སྨན་རྫས་ཀྱི་བདེན་རྫུན་གསལ་འབྱེད་བྱེད་ཤེས་པར་ཁྲིད་སྟོན་བྱས་པ་དང་།མང་ཚོགས་ཀྱི་སྨན་རྫས་ཐད་ཀྱི་འབྲེལ་ཡོད་དོགས་གནད་འགྲེལ་བཤད་རྒྱབ་པ།ཡོངས་ཁྱབ་ཏུ་སྨན་རྫས་བདེ་འཇགས་ཀྱི་ཤེས་བྱ་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ།བདེ་འཇགས་ངང་སྨན་སྤྱོད་པའི་ཉེར་སྤྱོད་ལག་དེབ་དང་།དྲིལ་བསྒྲགས་དཔྱད་ཡིག་ཁྱོན་བསྡོམས600འགྲེམ་གཏོང་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག