མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་དངོས་མིན་ཤུལ་བཞག་རིག་གནས་དྲིལ་བསྒྲགས་བྱ་འགུལ་སློབ་གྲྭ་རུ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-01 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། “ཤུལ་བཞག་རིག་གནས་སྲུང་སྐྱོང་བྱས་ཏེ།  ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པ”བརྗོད་དོན་ཡིན་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་དྲིལ་བསྒྲགས་བྱ་འགུལ་སློབ་གྲྭ་རུ་སྤེལ་བའི་བྱ་འགུལ་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དུ་སྤེལ།  དགེ་སློབ་སྟོང་ལྷག་གིས་སློབ་གྲྭ་འདིའི་ལུས་རྩལ་ཁང་དུ་ཐེངས་འདིའི་འཁྲབ་སྟོན་ལ་བལྟས།

 རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་འབའ་ལུང་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་སློབ་གྲྭ་རུ་སྤེལ་བ་ནི།  ན་གཞོན་སློབ་མ་རྣམས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་དང་རྒྱུན་འཛིན།  གཅེས་སྐྱོང་བྱེད་པར་དམིགས་ཏེ།  སློབ་མ་ཚོའི་དངོས་མིན་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྤྲོ་བ་སྔོག་འདོན་བྱེད་པ་དང་། མི་རིགས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་པ།  མི་རིགས་ཀྱི་རིག་གནས་ལ་དགན་ཞེན་ཆེ་བ།  ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པའི་ལས་སུ་ཞུགས་པ་སོགས་སློབ་མ་ཚོའི་རྒྱལ་གཅེས་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་།  བྱང་ཚད་སློབ་གསོ་སྤེལ་ཚུལ་དང་ནང་དོན་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།  སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག