མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

མཐའ་ཆུ་གྲོང་རྡལ་གྱིས་བཟའ་ཆས་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱ་གསོ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-01 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་བཟའ་ཆས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཐའ་ཆུ་གྲོང་རྡལ་ནས་བཟའ་ཆས་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་གསོ་སྦྱོང་བྱས།

གསོ་སྦྱོང་གི་ནང་དོན་གཙོ་བོ་ལ་བཟའ་ཆས་དང་སྨན་རྫས་ཀྱི་བདེ་འཇགས་དང་་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དང་།རྒྱུན་ཐོན་ཟས་དུག་ཕོག་པར་སྔོན་འགོག་བྱ་ཐབས་དང་སྨན་བཅོས་བྱ་ཐབས།སྨན་རྫས་རྫུན་མའི་ཕྱི་སྣང་དབྱེ་གསལ་འབྱེད་ནུས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཡོད་པ་རེད།ལས་བྱེད་མི་སྣས་ལས་ཡུལ་དངོས་སུ《བདེ་འཇགས་ངང་སྨན་སྤྱོད་པའི་ཉེར་སྤྱོད་ལག་དེབ》དང་།《བཟའ་ཆས་བདེ་འཇགས་ཀྱི་ཉེར་སྤྱོད་ལག་དེབ》ཁྱོན་བསྡོམས400ལྷག་འགྲེམ་གཏོང་བྱས་པ།

གྲོང་སྡེ“ཨུ་གཉིས”དང་ཡུལ་མི་ཚོ་ཆུང་གི་ཙུའུ་ཀྲང་སོ་སོ།མཐའ་ཆུ་གྲོང་རྡལ་སྨན་རྫས་བདག་གཉེར་བེད་སྤྱོད་ལས་ཁུངས།མཐའ་ཆུ་ལྟེ་བའི་ཆ་ཚང་སློབ་ཆུང་།བཟའ་བཏུང་ལས་ཁུངས་ཀྱི་འགན་ཁུར་བ་བཅས་མི་སྣ་ཁྱོན་བསྡོམས168གསོ་སྦྱོང་དུ་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག