མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་བྲ་བོ“3414”ཞེས་པའི་འདེབས་འཛུགས་ཚོད་ལྟ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-01 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་དང་ཚན་རྩལ་ཅུས་ནས་གོ་རྟོགས་བྱུང་དོན། ཅུས་དེས་ཁུལ་ཞིང་ལས་ཚན་རྩལ་སུའུ་དང་མཉམ་ལས་བྱས་ནས་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་པའི་གྱང་ཤག་གྲོང་མི་ཚོ་ཆུང་དུ་སྤེལ་བའི་བྲ་བོ“3414”ཞེས་པའི་ཚོད་ལྟ་དེ། ད་སྔར་རྔ་ཚར་བས་མུ་མཐུད་དེ་ཐོན་ཚད་ལ་ཚོད་དཔག་བྱ་རྒྱུ་རེད།

བྲ་བོ་ནི་སེམས་ཀྱི་ཉི་ཟླ་རྫོང་གི་རོང་ཁུལ་དང་། རོང་འབྲོང་མང་ཚོགས་ཀྱི་འབྲུ་རིགས་གཙོ་བོ་ཡིན་པ་མ་ཟད། འཚོ་བཅུད་རིན་ཐང་ཆེན་པོ་ཡོད་པ་རེད། འདས་སོང་གི་དུས་སུ་བྲ་བོ་ཐོན་སྐྱེད་བྱེད་ལུགས་ཞིབ་ཕྲ་མིན་ལ། བྲ་བོའི་སོན་མི་དག་པ་དང་། འདེབས་ཚར་རྗེས་ཞིང་ཁའི་དོ་དམ་ལ་དོ་སྣང་ཡག་པོ་བྱས་མེད་པས། ཐོན་བབས་དམའ་བའི་གནས་ཚུལ་ཡོད་པ་རེད།

བྲ་བོའི་ཐོན་སྐྱེད་ལ་འཕེལ་རྒྱས་ཇེ་ཡག་ཏུ་གཏོང་ཆེད། འདས་སོང་གི་ལོ་གཉིས་རིང་གི་ཚོད་ལྟ་འདེབས་འཛུགས་བྱས་ཐོག ད་ལོར་སེམས་ཀྱི་ཉི་ཟླ་རྫོང་གི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། ནན་ཏན་གྱིས་རྩ་འཛུགས་བྱས་ཏེ་བྲ་བོ“3414”ཡི་ཚོད་ལྟ་བྱེད་དེ། ལག་བསྟར་འཆར་གཞིར་དམ་པོ་གཞིགས་ནས་འདེབས་འཛུགས་དང་ལུད་རྒྱག་པ་དང་ས་བོན་ཡང་དག་བདམས་པ་སོགས་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག