མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་སྡོད་དམངས་ཀྱི་ཁང་པ་སླར་གསོའི་བསྐྱར་འཛུགས་བྱེད་པའི་ཆ་འཕྲིན་གྱི་རེའུ་མིག་བཀོད་འབུལ་ལ་རྩིས་བཤེར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-27 10:55

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ས་འགུལ་བྱུང་རྗེས།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་ལས་རྐང་བརྟན་སྲུང་དང་། ལས་འགན་དང་ལེན་བྱས་ཏེ། ཧུར་ཐག་གིས་ཉེན་ཁར་མ་འཛེམ་པར་ཉེན་ཁ་མྱུར་སྐྱོབ་བྱས་པ་དང་། སླར་གསོའི་བསྐྱར་འཛུགས་ཆ་འཕྲིན་བསྡུ་བ་སོགས་ཀྱི་ལས་ཀ་སྒྲུབ་པ་རེད།

བདེ་ཆེན་ཁུལ་སྲིད་གཞུང་དང་། ཁུལ་དམངས་སྲིད་ཅུས་ཀྱིས་ས་འགུལ་གྱི་སླར་གསོའི་བསྐྱར་འཛུགས་ཀྱི་སྔོན་མའི་ལས་ཀ་ལེགས་པར་སྒྲུབ་པ་དང་། ཡོམ་འགོག་རྒུད་སྐྱོབ་ལས་ཀའི་ཆ་འཕྲིན་འབུལ་བའི་སྐོར་གྱི་འབྲེལ་ཡོད་བླང་བྱར་གཞིགས་ནས། སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུས་ཀྱིས་ཤང་དང་གྲོང་རྡལ་སོ་སོ་དང་། དམངས་སྲིད་སུའོ་བཅས་ནས་མགྱོ གས་མྱུར་གྱིས་གནོད་འཚེའི་ཆ་འཕྲིན་བསྡུ་གསོག་བྱས་པ་དང་། གནོད་ཐེབས་ས་ཁུལ་དུ་ཟབ་ཞུགས་བྱས་ནས་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། ས་འགུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་ཁང་པ་རྡིབ་པའི་གནས་ཚུལ་ལ་རྩིས་བཤེར་བྱས་པ་མ་ཟད། སྐབས་ཐོག་ཏུ《གནོད་འཚེ་དབང་གིས་གནས་སྐབས་སུ་བདེ་འཇགས་བཀོད་སྒྲིག་བྱ་དགོས་པའི་གནས་ཚུལ་རེའུ་མིག》དང་། 《གནོད་ཐེབས་མི་འབོར་དང་འཕྲལ་མྱུར་གྱིས་གནས་སྤོར་བདེ་འཇགས་བཀོད་སྒྲིག་བྱེད་པའི་མི་འབོར་གྱི་སྡོམ་རྩིས་རེའུ་མིག》 《གནོད་འཚེས་དབང་གིས་སྡོད་དམངས་ཀྱི་ཁང་པ་རྡིབ་པའི་ཐོ་གྲངས》སོགས་ཐོ་འགོད་བྱས་ཏེ། ཕྱོགས་ཡོངས་ནས་འབྲེལ་ཡོད་ཀྱི་གཞི་གྲངས་འཚོ་བསྡུ་དང་ལེགས་སྒྲིག་བྱེད་པའི་ལས་ཀ་སྤེལ་བ་རེད། མིག་སྔར། རྫོང་ཡོངས་ཀྱི་གནོད་ཐེབས་ཁྱིམ་བདག་གི་དུད་ཁྱིམ17935ཐོ་འགོད་བྱས་ནས་དེབ་ཆུང་བཟོས་ཚར་བ་དང་། གྱང་རྡིབ་པའི་སྡོད་ཁང386དང་། གནོད་པ་ཚབས་ཆེན་ཐེབས་པའི་དུད་ཁྱིམ5205 གནོད་པ་ཅུང་ཙམ་ཐེབས་པའི་དུད་ཁྱིམ12344ཡི་སྡོམ་རྩིས་རེའུ་མིག་བཀོད་ནས་གོང་འབུལ་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག