མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ཤུགས་ཡོངས་འདོན་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-26 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་དང་བདེ་སྐྱོང་རུ་ཆེན་གྱིས་རྫོང་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་བྱས་ནས་གྲོང་མཁར་ནང་ལོགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཟ་ཁང་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོ་ཆུང་གིས་“ནན་རྡུང་ནན་འགོག་དང་།སྔོན་འགོག་གཙོར་བྱེད་དང་རྡུང་འགོག་ཟུང་འབྲེལ།རྡུང་བར་བརྟེན་ནས་སྔོན་འགོག་ལ་སྐུལ་འདེད་གཏོང་བའི”ལས་དོན་བྱེད་ཕྱོགས་ལག་བསྟར་བྱས་ནས།གཙོ་བོར་ལས་ཞུགས་མི་སྣའི་བདེ་ཐང་ལག་ཁྱེར་ཡོད་མེད་དང་ནང་འདྲེན་ཕྱིར་འཚོང་རྩི་ཐོའི་ལམ་ལུགས་ལག་བསྟར་བྱས་ཡོད་མེད།ཐབ་ཚང་དང་སྲོལ་ལྕོག་གི་གཙང་སྦྲའི་གནས་ཚུལ།ཟ་ཁང་གིས་སྤྱོད་པའི་ཤ་རིགས་དང་ཟ་སྣུམ་སྔོ་ཚལ་དང་། ཐབ་ཚང་གི་གད་སྙིགས་དང་བེད་མེད་དུ་བསྐྱུར་བའི་སྣུམ་ཚིལ་གྱི་གཙང་སྒྲིག་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པ་རེད།དུས་མཚུངས་སུ།བཟའ་བཏུང་ལས་རིགས་ཀྱི་འགན་འཁུར་མི་སྣ་དང་ལས་གཉེར་བྱེད་མཁན་ལ་བཟའ་བཅའི་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་བྱས་ཤིང་། གཙོ་བོར་རི་སྐྱེས་ཤ་མོའི་རིགས་ཀྱི་བཟའ་སྤྱོད་བྱ་ཐབས་ལ་འགྲེལ་བཤད་རྒྱག་པ་དང་ཟས་དུག་ཕོག་པའི་དོན་རྐྱེན་བྱུང་བར་སྔོན་འགོག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག