མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འབའ་ལུང་རྫོང་གིས་ཡིག་སྐུར་ངོ་གཏུག་ལས་ཀ་མགྱོགས་པོ་སྒྲུབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-26 10:31

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཨུའི་ཡིག་སྐུར་ངོ་གཏུག་ཁང་གིས་ཡིག་སྐུར་ངོ་གཏུག་ཐག་གཅོད་བྱེད་པའི་དུས་བཅད་གཏན་འབེབས་བྱས་ཤིང་། ཡིག་སྐུར་ངོ་གཏུག་གནད་དོན་མགྱོགས་མྱུར་ངང་ནས་ཐག་གཅོད་བྱེད་དགོས་པའི་རེ་བ་འདོན་ནས། ཡིག་སྐུར་ངོ་གཏུག་གནད་དོན་དེ་བྱུང་མ་ཐག་ཏུ་ཐག་གཅོད་བྱེད་ཐུབ་པར་ཁག་ཐེག་བྱེད་པ་རེད།

བདག་སྤྲོད་མགྱོགས་པོ་བྱེད་དགོས་ཏེ། ཡིག་སྐུར་ངོ་གཏུག་བདག་སྤྲོད་བྱེད་པའི་ཉིན་དེར་ཐོ་འགོད་ཟིན་བྲིས་འགོད་དགོས་ལ། ཉིན་གཉིས་ནང་དུ་ཆོག་མཆན་ལག་ཁྱེར་བཟོས་ནས། འགོ་ཁྲིད་ཀྱིས་ཆོག་མཆན་སྤྲོད་རྗེས་ཉིན་མོ་གཅིག་ནང་དུ་ཡིག་སྐུར་ངོ་གཏུག་གི་ཡིག་ཆ་དག་འབྲེལ་ཡོད་སྡེ་ཁག་ཏུ་སྐྱེལ་དགོས།

ཞིབ་གཅོད་མགྱོགས་པོ་བྱེད་དགོས་ཏེ། སྤྱིར་བཏང་གི་ཡིག་སྐུར་ངོ་གཏུག་གནད་དོན་གྱི་ཐག་གཅོད་བྱེད་པའི་དུས་ཚད་ནི་ཉིན་15ནས་30བར་ཡིན་ལ། རྙོག་དྲ་ཆེ་བའི་ཡིག་སྐུར་གནད་དོན་ཡིན་ན་ཉིན་60ནང་དུ་ཐག་གཅོད་བྱེད་དགོས། གནས་ཚུལ་ཁྱད་པར་ཅན་ཡིན་ན། རྫོང་སྒྲིག་ཁྲིམས་ཨུའི་འགོ་ཁྲིད་ཀྱིས་ཆོག་མཆན་གནང་ཚར་རྗེས། འོས་འཚམ་གྱི་སྒོ་ནས་དུས་ཚད་ཕྱིར་འགྱངས་བྱེད་ཆོག ཡིན་ནའང་ཕྱིར་འགྱངས་དུས་ཚད་དེ་ལས་ཀའི་ཉིན་གྲངས20ལས་བརྒལ་མི་ཆོག་པ་དང་། ཡར་གཏུག་མི་སྣར་ཕྱིར་འགྱངས་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས།

གནས་ཚུལ་ལྡོག་འདྲེན་མགྱོགས་པོ་བྱེད་དགོས་ཏེ། ཡིག་སྐུར་ངོ་གཏུག་ཐག་གཅོད་བྱེད་སྐབས། རང་མིང་ངོ་མ་བྲིས་ནས་ཡིག་སྐུར་བྱེད་པ་ཡིན་ན། འགོ་ཁྲིད་ཀྱིས་ཆོག་མཆན་སྤྲོད་རྗེས་ཀྱི་ཉིན་3ནང་དུ་ཡིག་སྐུར་ངོ་གཏུག་ཁང་གིས་བདག་སྤྲོད་བྱེད་འཐུས་ཀྱི་གནས་ཚུལ་དག་ངོ་གཏུག་པར་ལྡོག་འདྲེན་བྱེད་དགོས་པ་དང་། འགན་ཁུར་སྡེ་ཁག་དང་འགན་ཁུར་བའི་འབྲེལ་གཏུགས་བྱ་ཐབས་དེ་ཡིག་སྐུར་པར་ཤེས་སུ་འཇུག་དགོས། དཔྱད་ཞིབ་ལས་ཀ་བསྒྲུབས་ཚར་རྗེས་ཀྱི་ཉིན་10ནང། འགན་ཁུར་བས་ཐེངས་གཉིས་པའི་གནས་ཚུལ་ལྡོག་འདྲེན་ལས་ཀ་སྤེལ་ནས། དཔྱད་ཞིབ་མཇུག་འབྲས་དང་ཐག་གཅོད་གནས་ཚུལ་དེ་ངོ་གཏུག་པར་ངོ་སྤྲོད་བྱེད་པ་དང་། བསམ་བློ་སྤེལ་རེས་ལས་ཀ་ཡག་པོ་སྒྲུབ་ནས་ངོ་གཏུག་མཚམས་བཞག་ཏུ་འཇུག་དགོས།

གོ་རྟོགས་ལྟར་ན། ད་སྔའི་བར་དུ། འབའ་ལུང་རྫོང་སྒྲིག་ཁྲིམས་ཨུས་བསྡོམས་ཏེ་ཡིག་སྐུར་ངོ་གཏུག་གྱོད་གཞི་8བདག་སྤྲོད་བྱས་པ་ལས། གོང་རིམ་གྱིས་བསྒྲུབ་རྒྱུ་སྤྲོད་པའི་གྱོད་གཞི་3དང་། རིམ་འདྲས་བདག་སྤྲོད་བྱེད་པའི་ཡིག་སྐུར་5མང་ཚོགས་ཀྱིས་ངོ་གཏུག་བྱེད་ཐེངས་5དང་མི་ཐེངས་12ལ་སྣེ་ལེན་བྱས་ཤིང་། ཁ་པར་ངོ་གཏུག་ཁག་2དང་མི་ཐེངས་2བདག་སྤྲོད་བྱས།   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག