མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཐང་གྲོང་རྡལ་སློབ་ཆུང་གིས་ངལ་རྩོལ་རྟེན་གཞི་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-09-26 10:31


ངལ་རྩོལ་སློབ་ཁྲིད་སྐབས་སུ་སྔོ་ཚོད་འདེབས་བཞིན་པ།

སྔོ་ཚོད་ཕྱིར་ཚོང་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་སློབ་ཆུང་གི་མཐོ་རིམ་སློབ་མ་ཚོས་ངལ་རྩོལ་སློབ་ཁྲིད་སྐབས་སུ་རང་རང་གི“འགན་འཁྲིའི་ས་ཞིང”དུ་སྔོ་ཚོད་བསྡུ་ལེན་བྱས་ཏེ།  སློབ་གྲྭའི་སྒོ་ཁ་རུ་སློབ་མའི་ཁྱིམ་བདག་ལ་སྔོ་ཚོད་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་དང་།  ཁྱིམ་བདག་ཚོའི་སློབ་མ་འདི་དག་དང་གླེང་མོལ་བྱེད་ཞོར་དུ་ཁོ་ཚོ་སྔོ་ཚོད་ཉོ་སྒྲུབ་བྱས།  ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཞིག་གིས་རང་ཉིད་ཀྱི“འགན་འཁྲིའི་ས་ཞིང”ནས་ངལ་རྩོལ་བྱེད་པ་དེས་ཕྱོགས་གཅིག་ནས་ངལ་རྩོལ་བྱེད་པའི་སྤྲོ་སྣང་ལ་ཉམས་སུ་མྱོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས“ངལ་རྩོལ་བྱས་ན་བདེ་སྐྱིད་ཡིན་པའི”མི་ཚེའི་གནས་ལུགས་ཤེས་རྟོགས་ཐོབ་ངེས་ཟེར།

 སློབ་གྲྭ་འདིས་མཐོ་རིམ་འཛིན་གྲྭའི་སློབ་མ་རེར“འགན་འཁྲིའི་ས་ཞིང”བགོས་ནས་ངལ་རྩོལ་རྟེན་གཞི་བཀོད་སྒྲིག་བྱས་པ་དང་།  སློབ་མ་རང་ཉིད་ཀྱིས་སྔོ་ཚོད་འདེབས་པ་དང་།  ཆུ་འདྲེན་པ།  བདག་སྐྱོང་བྱེད་པ།  ལོ་ལེགས་བྱུང་རྗེས་སྔོ་ཚོད་ཕྱིར་ཚོང་བྱེད་ངེས།  སློབ་གྲྭའི་འདིའི་འགན་ཁུར་མི་སྣས་བཤད་རྒྱུར།  སློབ་གྲྭས་ངལ་རྩོལ་རྟེན་གཞི་བཙུགས་པ་ནི་སློབ་མ་ཚོ་ངལ་རྩོལ་ལ་དགའ་བའི་སྤྱོད་བཟང་ལེགས་པོ་གསོ་སྐྱོང་བྱེད་རྒྱུ་དང་།  ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་ཀྱི་དཀའ་ཁག་དང་ལོ་ལེགས་བྱུང་རྗེས་ཀྱི་དགའ་སྤྲོ་ཉམས་སུ་མྱོང་བ་སོགས་ནི་དམིགས་བྱ་ཡིན་པས།  སློབ་མ་ཚོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐོབ་ངེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག