མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཚན་རིག་ཤེས་བྱ་འདུས་སྡོད་ཁུལ་དུ་བསྐྱལ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-09-26 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས22ཉིན་ནི“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོ”ཡིན་པ་དང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་མཐུན་ཚོགས་དང་སེམས་ཀྱི་ཉི་ཟླ་རྫོང་ཚན་རྩལ་མཐུན་ཚོགས་བཅས་ཀྱིས“ཚན་རིག་ཤེས་བྱ་འདུས་སྡོད་ཁུལ་དུ་བསྐྱལ་བའི”བྱ་འགུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་དུ་སྤེལ།  བྱ་འགུལ་ལས“གནོད་འགོག་ཉེན་སེལ”ཕྱོགས་ཀྱི་ཚན་རིག་ཤེས་བྱའི་ནག་པང12དང་།  ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ནག་པང8བཅས་འགྲེམ་སྟོན་བྱས་པ་མ་ཟད། 《གནོད་འགོག་ཉེན་སེལ》དང《ཚན་རིག་ཁྱབ་གདལ་ཚགས་པར》སོགས་དྲིལ་བསྒྲགས་ཡིག་ཆ150ལྷག་འགྲེམ་སྟོན་བྱས་པ་དང་། “རང་ཉིད་ཀྱི་ལུས་པོ་བདེ་ཐང་རང་ཉིད་ཀྱི་བདག་སྐྱོང་བྱེད་དགོས་པ”ཞེས་པའི་ཚན་རིག་ཁྱབ་གདལ་གློག་བརྙན་ལ་ལྟ་རུ་འཇུག་པ་སོགས་ཁུལ་དང་རྫོང་རིམ་པའི་ཚན་རྩལ་མཐུན་ཚོགས་ཀྱི་ལས་བཟོ་བ་དང་རྒྱལ་ཐང་གྲོང་རྡལ་ཀྱི་ཏང་ཡོན། བུད་མེད་ལས་བྱེད་པ།  སྡོད་དམངས་བཅས་འཐུས་མི50ལྷག་ཐེངས་འདིའི་བྱ་འགུལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག