མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་བོད་ཡིག་གསར་འགྱུར་རྩོམ་ཡིག་30ལ་བྱ་དགའ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-26 10:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས་པ།གྲོས་ཚོགས་ཐོག་རིག་གཅིག་མཁས་པ་དང་མཁས་དབང་གིས་ཞིབ་དཔྱད་བྱས་པར་བརྒྱུད་ནས།བདེ་ཆེན་ཁུལ་གྱིས་དཔྱད་བསྡུར་དུ་བསྐྱལ་བའི་བོད་སྐད་སྨྱན་བྱད་ཀྱི་གསར་འགྱུར་རྩོམ་ཡིག་30ལ་བྱ་དགའ་ཐོབ་པ་རེད།དེའི་ནང་ལས།《བདེ་ཆེན་བོད་ཡིག་ཚགས་པར》གྱི་རྩོམ་ཡིག་22ལ་བྱ་དགའ་ཐོབ་པ་དང་།བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་རྩོམ་ཡིག་8ལ་བྱ་དགའ་ཐོབ་པ་རེད།

《བདེ་ཆེན་བོད་ཡིག་ཚགས་པར》གྱི་བྱ་དགའ་ཐོབ་པའི་རྩོམ་ཡིག་22ཀྱི་ནང་ལས།པད་མ་ཚེ་རིང་དང་བསོད་ནམས་ཆོས་ལྡན་གྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《ཇ་རྟ་གནའ་ལམ་གྱི་འཕོ་འགྱུར》དང་།པད་མ་ཚེ་རིང་གིས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《ཡུལ་གབ་གྲོང་སྡེའི་འཕོ་འགྱུར》 ཚེ་རིང་དོན་གྲུབ་ཀྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《འཇང་རིགས་གཞོན་སྐྱེས་དབྱང་རོན་ཧོ་དང་ཁོང་གི་ལོང་བའི་འཕུར་མཉེད་ཁང》བཅས་ལ་གསར་འགྱུར་རྩོམ་ཡིག་ཡག་ཤོས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཅིང་།སྒྲོལ་མ་གཡང་མཚོས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《གྲོང་ཁྱེར་དུ་འཚོ་བ་སྐྱེལ་བའི་ཞིང་པ》དང་《མི་རྒན་དངོས་གྲུབ་ཀྱིས་དེང་ཕྱིན་སྤྲོ་གླེང་བྱས་པ》དང་《བདེ་སྐྱིད་ཀྱི་ལམ་དུ་སྐྱོད་པའི་རྒྱ་གོང་གྲོང་སྡེ》བཅས་དང་།སྒྲོལ་མ་ལྷ་མཚོས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《ཞབས་འདེགས་པ་ནས་ཚོང་དཔོན་དུ་གྱུར་པའི་བུ་མོ་ལུའོ་ཡན》དང་བསོད་ནམས་ཆོས་ལྡན་གྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གིས་རྩོམ་སྒྲིག་བྱས་པའི་བོད་ཡིག་སློབ་དེབ་སྤྱོད་འགོ་ཚུགས་པ》བཅས་ལ་གསར་འགྱུར་རྩོམ་ཡིག་ཡག་ཤོས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ།སྒྲོལ་མ་ལྷ་མཚོས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《གྲོང་གསེབ་མི་རྒན་གྱི་འཚོ་བ་ཉིན་བཞིན་ཇེ་སྐྱིད་དུ་གྱུར་བ》དང་《སན་པ་ཤང་ནས་ཡོང་བའི་ན་གཞོན་ཚོང་དཔོན་ཏུའུ་ཡུའེ་ཧྭ》དང་།སྒྲོལ་མ་གཡང་མཚོས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《དངོས་མིན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་མངོན་གྲུབ》དང་《ང་བོད་རིགས་གོས་ཆས་ལ་ཧ་ཅང་དགའ》དང་།ཚུལ་ཁྲིམས་ཀྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་རྒྱས་རྩོམ་《་འཕེལ་རྒྱས་འགྲོ་བཞིན་པའི་བོད་ཡིག་གི་གསར་འགྱུར་བྱ་གཞག》བཅས་ལ་གསར་འགྱུར་རྩོམ་ཡིག་ཡག་ཤོས་ཀྱི་བྱ་གདའ་ཨང་གསུམ་པ་ཐོབ་པ་རེད།བསོད་ནམས་ཆོས་ལྡན་གྱི་གསར་འགྱུར་བསྒྱུར་རྩོམ《རང་ཁུལ་གྱིས་སྔར་ལས་ལྷག་པར་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ》དང་《ཕག་པའི་ཚོང་དཔོན་སྐྱ་ཐོ》དང་། སྒྲོལ་མ་གཡང་མཚོའི་གསར་འགྱུར་བསྒྱུར་རྩོམ་《འབའ་གྲུ་ལ་ཕྱུག་འགྱུར་གྱི་མེ་ཏོག་བཞད་པ》དང་སྒྲོལ་མ་ལྷ་མཚོའི་གསར་འགྱུར་བསྒྱུར་རྩོམ་《བོད་ལུགས་ཀྱི་ཁྱིམ་ཆས་འཚོང་མཁན་བུ་མོ》 ཚེ་རིང་དོན་གྲུབ་ཀྱི་གསར་འགྱུར་བསྒྱུར་རྩོམ་《ཁུལ་ཁྲིམས་ཁང་གི་“ཉི་འོད་ཁྲིམས་འཛིན”གྱི་སྐོར་སྐྱོད་ཁྲིམས་ར་རི་ཁྲོད་དུ་སྐྱོད་པ》བཅས་ལ་བསྒྱུར་རྩོམ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།སྒྲོལ་མ་ལྷ་མཚོ་དང་བསོད་ནམས་ཆོས་ལྡན། པད་མ་ཚེ་རིང་བཅས་ཀྱིས་རྩོམ་སྒྲིག་བྱས་པའི་《བདེ་ཆེན་བོད་ཡིག་ཚགས་པར》གྱི་པར་ངོས་བཞི་པའི་རོལ་རྩེད་དར་སྲོལ་པར་ངོས་ལ་པར་ངོས་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཅིང་།ཚེ་རིང་དོན་གྲུབ་དང་བསོད་ནམས་ཆོས་ལྡན།པད་མ་ཚེ་རིང་བཅས་ཀྱིས་རྩོམ་སྒྲིག་བྱས་པའི་《བདེ་ཆེན་བོད་ཡིག་ཚགས་པར》གྱི་པར་ངོས་བཞི་པའི་མི་རིགས་རིག་གནས་པར་ངོས་ལ་པར་ངོས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།པད་མ་ཚེ་རིང་གིས་རྩོམ་འབྲི་བྱས་པའི་ཆེད་རྩོམ་《བོད་ཡིག་ཚགས་པར་གྱི་ཁྱབ་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་མཐོ་རུ་གཏོང་རྒྱུ་ནི་ཚགས་པར་འདོན་པའི་འགག་རྩ་ཞིག་ཡིན》དང་《ཏང་གི་ཚགས་པར་གྱི་བོད་ཡིག་དྲ་བའི་ཁྱབ་སྤེལ་བྱེད་ནུས་ལ་རགས་ཙམ་གླེང་བ》ལ་ཆེད་རྩོམ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

གཞན་ཡང་ཤེས་གསལ་བྱུང་དོན།བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་བྱ་དགའ་ཐོབ་པའི་རྩོམ་ཡིག་8ཀྱི་ནང་ལས།བཀྲ་ཤིས་དོན་གྲུབ་དང་བློ་བཟང་སྙན་གྲགས་ཀྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་《བོད་ཁུལ་གྱི་སྔོ་ཚལ་ནང་ལོགས་ས་ཁུལ་དུ་ཚོང་བྲིན་པ》དང་བཀྲ་ཤིས་དོན་གྲུབ་ཀྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་《རྐང་འཁོར་ལ་བརྟེན་ནས་ལུས་རྩལ་སྦྱོང་བ་དེ་ཁད་ཀྱིས་དར་བ》ལ་གསར་འགྱུར་ཡག་ཤོས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ།བཀྲ་ཤིས་དོན་གྲུབ་དང་བློ་བཟང་སྙན་གྲགས་ཀྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་《གྲོང་གསེབ་ཀྱི་ཞིང་པ་ཉིན་བཞིན་ཇེ་སྐྱིད་དུ་གྱུར་བ》དང་བཀྲ་ཤིས་དོན་གྲུབ་ཀྱིས་རྩོམ་འབྲི་བྱས་པའི་གསར་འགྱུར་《སྐོར་བྲོ་དེ་སློབ་གསེང་གི་ལུས་སྦྱོང་དུ་འཇུག་པ》ལ་གསར་འགྱུར་ཡག་ཤོས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ།བཀྲ་ཤིས་དོན་གྲུབ་ཀྱི་བསྒྱུར་རྩོམ་《སེམས་ཀྱི་ཉི་ཟླའི་གངས་ཤུད་གློད་ཐང་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་བ》དང་《ཀོང་ཀྲོའུ་ཡི་ཡུལ་སྐོར་བ་ཤྭ་ཁ་གངས་རིར་བཀག་པ། མེ་གསོད་དཔོན་དམག་གིས་གཡང་གཟར་བྲག་རིར་སྐྱོབ་ཐབས་བྱས》ལ་བསྒྱུར་རྩོམ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ། བཀྲ་ཤིས་དོན་གྲུབ་ཀྱིས་རྩོམ་འབྲི་བྱས་པའི་ཆེད་རྩོམ《མི་རིགས་ནང་དོན་གྱི་གསར་འགྱུར་དཔེ་སྐྲུན་དང་རྩོམ་འབྲི་བྱེད་དུས་དོ་གཟབ་བྱ་དགོས་པའི་གནད་དོན་འགའ》དང་《གསར་འགྱུར་གྱི་རིག་གནས་འགན་འཁྲི་ལ་ཅུང་གླེང་བ》ལ་ཆེད་རྩོམ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཀྲུང་གོའི་བོད་སྐད་སྨྱན་བྱད་རོགས་ལས་གྲོས་ཚོགས་སུ་ཞུགས་པའི་སྡེ་ཁག་ནི་རྒྱལ་ཡོངས་བོད་ཡིག་ཚགས་པར་དུས་དེབ་དང་རྒྱང་བསྒྲགས་བརྙན་འཕྲིན།དྲ་བའི་སྨྱན་བྱད།བོད་ཡིག་དང་འབྲེལ་ཡོད་ཚན་ཞིབ་སྡེ་ཁག་སོགས་ཡོད།རྩོམ་ཡིག་གི་དཔྱད་བསྡུར་འདེམས་བསྐོ་བྱ་རྒྱུ་དེ་གྲོས་ཚོགས་དེའི་ནང་དོན་གཙོ་བོ་ཞིག་ཡིན།བདམས་ཐོན་བྱུང་བའི་བྱ་དགའ་ནི་མིག་སྔར་ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་ཆེས་མཐོའི་བྱ་དགའ་ཞིག་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག