མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་རྣམ་གྲངས་བཙུགས་ནས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-25 10:18

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ལྟ་སྐུལ་ཞིབ་བཤེར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་ཁུལ་ཨུའི་ཏང་གི་མང་ཚོགས་སློབ་གསོ་ལག་བསྟར་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་དོན།ཁུལ་ཡོངས་ཀྱི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་སློབ་སྦྱོང་བྱེད་པའི་ལྷན་དུ་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ལ་རྣམ་གྲངས་བཙུགས་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

《བརྡོ་ཐོ》ཡི་ཐོག་བླང་བྱ་བཏོན་དོན།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེཁག་སོ་སོ་ཡིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོའི་སློབ་གསོའི་བསམ་འཆར་ལ་ཉན་འཇོག་བྱ་རྒྱུའི་རྣམ་གྲངས་ཁག་གི་བླང་བྱ་ལྟར།“སྤྱོད་ཚུལ་བཞི”ཐད་ལ་གནས་པའི་འབུར་དུ་ཐོན་པའི་གནད་དོན་ལ་གཞིགས་ནས།ཞིབ་ཚགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཨུའི་ལག་བསྟར་བྱ་ཐབས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བསྡུར་སྐྱོན་བཤེར་བྱས་ནས།སློབ་སྦྱོང་བྱེད་པའི་ལྷན་དུ་སྐྱོན་བཤེར་བྱེད་པ་དང་དག་ཐེར་ལེགས་བཅོས་བྱེད་ཅིང་།ད་ཡོད་ཀྱི་གནད་དོན་ལ་ལེགས་བཅོས་བྱེད་པ་དང་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་འབུར་དུ་ཐོན་པའི་གནད་དོན་ལ་ལེགས་བཅོས་བྱས་ནས།ཡིག་ཆའི་ཐོག་བཏོན་པའི་བླང་བྱ་ཁག་བརྒྱད་ཀྱི་གནད་དོན་ཀྱི་དག་ཐེར་ལེགས་བཅོས་བྱ་རྒྱུ་དེ་དམིགས་སར་འབྱོར་དགོས།དག་ཐེར་ལེགས་བཅོས་ལས་ཀའི་ཁྲོད་ཀྱི་བྱ་ཐབས་དང་འཕེལ་རྒྱས་གནས་ཚུལ།གྲུབ་འབྲས་དང་དཀའ་ངལ།གནད་དོན་དང་གྲོས་གཞི་སོགས་ལ།དུས་ཐོག་ཏུ་ཁུལ་ཨུའི་ལྟ་སྐུལ་ཞིབ་བཤེར་ཁང་དང་ཁུལ་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ཁང་།ཁུལ་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས།འགན་འཁུར་མཁན་སྡེ་ཁག་སོ་སོ་དང་རྫོང་(ཆུས)ཁག་གིས་ངེས་པར་དུ་ལས་བགོས་འགན་གཉེར་བྱེད་མཁན་འགོ་ཁྲིད་གཅིག་དང་འབྲེལ་གཏུག་པ་གཅིག་གཏན་འབེབས་བྱས་ནས།དག་ཐེར་ལེགས་བཅོས་ལག་བསྟར་ལས་ཀའི་འབྲེལ་གཏུག་མཐུན་སྦྱོར་ལས་འགན་འཁུར་ཏེ།ཟླ་རེའི་ཚེས་18ཀྱི་སྔོན་དུ་དག་ཐེར་ལེགས་བཅོས་གནས་ཚུལ་ཁུལ་ཨུའི་ལྟ་སྐུལ་ཞིབ་བཤེར་ཁང་དང་ཁུལ་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ཁང་།ཁུལ་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས་ཤིང་།དག་ཐེར་ལེགས་བཅོས་ལས་ཀ་དེ་དོན་ཐོག་ཏུ་མ་འཁྱོལ་བར་དུ་དེ་ལྟར་བྱ་དགོས།ཁུལ་ཨུའི་ལྟ་སྐུལ་ཞིབ་བཤེར་ཁང་དང་ཁུལ་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ཁང་།ཁུལ་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཅས་ཀྱིས་རིམ་པ་ཁག་དང་སྡེ་ཁག་སོ་སོའི་དག་ཐེར་ལེགས་བཅོས་ལས་ཀའི་གནས་ཚུལ་ལྟར།གོ་སྐབས་འཚོལ་ནས་རིམ་པ་ཁག་དང་སྡེ་ཁག་སོ་སོའི་དག་ཐེར་ལེགས་བཅོས་ལས་ཀའི་དོན་འཁྱོལ་བྱས་ཚུལ་ལ་འཐེན་ཞིབ་དང་ཞིབ་བསྡུར་བྱས་ནས།དག་ཐེར་ལེགས་བཅོས་ནུས་ལྡན་མིན་པ་དང་ཁྲལ་མངོན་སླ་བཅོས་བྱས་པ་ལ།བརྡ་ཁྱབ་གཏོང་རྒྱུ་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག